28 Dec 2016
27 sec
Audio Overview
Creators:
Gangsol Folk Culture Preservation Project
- རྟ་གཡུ་རིས་བྱ་རྒོང་འདྲ་བོ།།
- སྐྱིད་འཛོམས་ཉིན་རྟ་བརྒྱའི་ཁྱུ་ན་ཡོད།།
- ཞེ་རྨོངས་ཉིན་བྱང་ལམ་མཚམས་ན་ཡོད།།
- ཐང་ཆེན་པོ་བྱིང་དཀར་དྲིའུ་དྲིའུ་རེད།།
- མཛོ་ཁྱུང་ལི་ཤིག་དམར་སྣ་གཅུ་ཅན།།
- སྐྱིད་འཛོམས་ཉིན་འབྲི་བརྒྱའི་ཁྱུ་ན་ཡོད།།
- ཞེ་རྨོངས་ཉིན་དར་རྩེའི་མདོ་ན་ཡོད།།
- ཇ་དྲུག་ཇ་ཁྱ་མ་སྐྱེད་སྐྱེད་རེད།།
- སྨ་ཞིས་མོ་བྱུར་དམར་རྣ་ཚར་ཅན།།
- སྐྱིད་འཛོམས་ཉིན་མ་ལོའི་གོ་ན་ཡོད།།
- ཞེ་རྨོངས་ཉིན་འཁོར་བའི་རྩབ་ན་ཡོད།།
- གཞི་འཁོར་བ་མེ་ཏོག་འཛིན་འཛིན་རེད།།