22 Dec 2016
28 sec
Audio Overview
Creators:
Gangsol Folk Culture Preservation Project
- རྒྱ་ཟི་ལང་ལྕགས་སྒོ་གོང་མ་ན།།
- རྟ་ཨི་རྒྱུགས་ཟེར་བདག་མང་གི་ད།།
- རྟ་མི་རྒྱུགས་ཐོར་ལོ་ཆུང་ཆུང་ཡིན།།
- འགྲོས་གོམ་པ་བཏུལ་སྔ་ཡེད་ནི་མིན།།
- རྒྱ་ཟི་ལང་ལྕགས་སྒོ་བར་མ་ན།།
- བོའུ་ཨི་འཕེན་ཟེར་བདག་མང་གི་ད།།
- བོའུ་མི་འཕེན་གྱི་ལིང་མགར་གསར་ཡིན།།
- མདའ་སྡིག་པ་ཡེད་སྔ་ཡེད་ནི་མིན།།
- རྒྱ་ཟི་ལང་ལྕགས་སྒོ་འགབ་མ་ན།།
- རོགས་ཨི་རྩེ་ཟེར་ནི་མང་གི་ད།།
- རོགས་མི་རྩེ་ཞི་མོ་ཆུང་ཆུང་ཡིན།།
- ཁྲེལ་མི་ཁར་འབབ་སྔ་ཡེད་ནི་མིན།།