21 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- རྒོད་ཐང་ལོས་ཨ་སྔོན་བརྒལ་ནས་ཐལ།།
- བྲག་དཀར་ཆུང་དམྱིག་ག་(མིག་ལ)བརྒྱུད་ནས་ཐལ།།
- རྒོད་ཐང་ལོར་འབབ་མོས་ཡོད་ཀི་ད།།
- རླུང་བསེར་བུས་འབབ་དབང་མི་བྱིན་གི།
- རྟ་འདོ་ལོས་ཐང་ཆེན་བརྒྱུད་དེ་ཐལ།།
- རྩྭ་འཇག་མ་དམྱིག་ག་(མིག་ལ)བརྒྱུད་དེ་ཐལ།།
- རྟ་འདོ་ལོར་ཟ་མོས་ཡོད་ཀི་ད།།
- སྲབ་སིལ་མས་ཟ་དབང་མི་བྱིན་གི།
- སྐྱེས་ཤར་ལིས་སྡེ་ཆེན་བརྒྱུད་དེ་ཐལ།།
- རོགས་ཞིས་མ་དམྱིག་ག་(མིག་ལ)བརྒྱུད་དེ་ཐལ།།
- སྐྱེས་ཤར་ལོར་རྩེ་མོས་ཡོད་ཀི་ད།།
- དྲིན་ཕ་མས་རྩེ་དབང་མ་བྱིན་ཐལ།