27 Dec 2016
32 sec
Audio Overview
Creators:
Gangsol Folk Culture Preservation Project
- རོགས་དང་འུ་ཉིས་དབར་ལ།།
- ངས་མི་འགལ་ཚིག་གསུམ་བཤད་ཡོད་འོ།།
- ཚིག་མི་འགལ་མནའ་གསུམ་བསྐྱལ་ཡོད།།
- འགལ་སོང་ན་སྔོན་གྱི་ལས་རེད།།
- རྟ་དང་འུ་ཉིས་བར་ར།།
- ངས་འཇམ་པོའི་སྟན་ཙིག་བསྟད་ཡོད།།
- སྟན་མི་འཕྱུགས་གློ་ཟིག་བརྒྱབས་ཡོད།།
- འཕྱུགས་སོང་ན་སྔོན་གྱི་ལས་རེད།།
- མགོ་དང་འུ་ཉིས་བར་ལ།།
- འཇམ་པོའི་སྐྲ་ཟིག་དཀྲིས་ཡོད།།
- མི་འཇིག་སྐྲ་ལུང་མདུད་ཡོད།།
- འཇིག་སོང་ན་སྔོན་གྱི་ལས་རེད།།