17 Dec 2016
31 sec
Audio Overview
Creators:
Gangsol Folk Culture Preservation Project
- རོགས་ཁྱོད་ཕྱོགས་རི་ཡི་རི་མགོ་ན།།
- འབྲུག་ལྷ་མ་ལྷུང་རེ་གྲགས་རྒྱུ་བོ།།
- ངས་ཁྱོད་ཕྱོགས་བོས་ནོའི་སྐད་སྒྲ་རེད།།
- ཁྱོས་གོ་འི་ཨེ་ཡོད་ཆུང་འདྲིས་རོགས།།
- རོགས་ཁྱོད་ཕྱོགས་རི་ཡི་རི་རྐེད་ན།།
- སྨིག་ལ་མ་ལོང་རེ་འཐིབ་རྒྱུ་བོ།།
- ངའི་གངས་དཀར་སེམས་ཀྱི་ན་བུན་རེད།།
- ཁྱོས་གོ་འི་ཨེ་ཡོད་ཆུང་འདྲིས་རོགས།།
- རོགས་ཁྱོད་ཕྱོགས་རི་ཡི་རི་ཞོལ་ན།།
- ཆར་ཟ་མ་ཟིམ་རེ་འབབ་རྒྱུ་བོ།།
- ངའི་ཁྲ་ཆུང་མིག་གི་མཆུ་མ་རེད།།
- ཁྱོས་གོ་འི་ཨེ་ཡོད་ཆུང་འདྲིས་རོགས།།