28 Dec 2016
19 sec
Audio Overview
Creators:
Gangsol Folk Culture Preservation Project
- རོགས་ཁྱོ་ཕྱོགས་ས་འི་རི་མགོ་ན།།
- སྨུག་ལྷ་མ་ལྷོང་ཟིག་འཐིབ་རྒྱུ་བོ།།
- ངའི་གངས་དཀར་སེམས་གི་རྨོངས་ས་རེད།།
- ཁྱོས་གོ་འུ་ཨེ་ཡོད་ཆུང་འགྲུས་རོགས།།
- རོགས་ཁྱོ་ཕྱོགས་ས་འི་རི་སྐེད་ན།།
- ཆར་ས་མ་སིས་ཟིག་འབབ་རྒྱུ་བོ།།
- ངའི་ཁྲ་ཆུང་མིག་གི་མཆིས་མཆི་མ་རེད།།
- ཁྱོས་གོ་འུ་ཨེ་ཡོད་ཆུང་འགྲུས་རོགས།།
- རོགས་ཁྱོ་ཕྱོགས་ས་འི་རི་ཞོས་ན།།
- རླུང་ས་ར་སིལ་ཟིག་གཡུག་རྒྱུ་བོ།།
- ངའི་རྣམ་ཤེས་བུ་ལོན་འཁོར་ས་རེད།།
- ཁྱོས་གོ་འུ་ཨེ་ཡོད་ཆུང་འདྲིས་རོགས།།