05 Jan 2017
57 sec
Audio Overview
Creators:
Gangsol Folk Culture Preservation Project
- བརྙས་བཅོས་དམན་སྡང་།
- རིལ་རིལ་བྱ་སྒོང་འདྲ་འདྲ་ཞིག་བྱས་ནས་བསྡད་ཡོད་དུས། རྣོན་པོ་འཇབ་ཚེ་འདྲ་བས་བཏོགས།
- མུ་གེ་ལ་ཁག་བཞག་ནས་གཡག་གུ་ལ་ཁྲག་གཏར།
- ཚིག་པ་གཡག་ལ་ཟ། ཐལ་ལྕགས་རྟ་ལ་གཞུས།
- གཡག་བཤས་པས་མ་ཆོག་རྔ་མ་འཕྱོར་འགེལ། ཤྭ་བསད་པས་མ་ཆོག་རོ་ལ་མདའ་དགུ།
- སྙད་གྲོ་མ་བརྐོ་བརྐོ། སྡུག་རྫ་མ་བཅའ་བཅའ༌།
- ཞ་བོ་འགྲོ་མེད་ལ་འགྲོ། ལྐུགས་པ་གཏམ་མེད་ལ་གཏམ།
- ཆབ་མདོའི་ཁྱིས་བཟུང་ན་ལྷ་སའི་ཁྱི་ལ་རྡོ་ཡིས་རྒྱག་དོན་མེད།
- རྒྱ་རྫོང་དཀྱིལ་གྱི་ཁྭ་ཏ་དེས། སྒ་གཏེད་པའི་ཐོག་ཏུ་གཤོག་འགྱུར་བྱས།
- ཚ་བ་རོང་གི་སྤྱང་ཀི་དེས། ལུག་བསད་པའི་ཐོག་ཏུ་ངུ་ཟུག་བྱས།
- ས་དོག་མོ་སྡེ་བའི་གདན་ས་རེད། སྦྲ་མ་ཕུབ་ཟེར་ན་བཙན་གཏམ་རེད།
- མི་རང་བསྡད་ལ་ཁུ་ཚུར་གནམ་ལྷུང༌།
- ཁྱ་བྱིའུ་ཐུབ་ཀྱི་བྱིའུ། བྱིའུ་འབུ་ཐུབ་ཀྱི་འབུ།
- མགོ་ནག་ཚིག་འདེད་མི་བྱེད། བྱོལ་སོང་རྡོ་འདེད་བྱེད།
- རྔ་ཡ་མེད་དགོན་པའི་མཁར་རྔ། ཚིག་ཡ་མེད་རྡོ་ཐོག་ཕུར་བ།
- གས་རྟ་རྔ་འདྲ་ཟིག་མེད་ས་ནས་ཁྱི་ལག་ངར་འདྲ་ཟིག་བཏབ།
- གཟའ་ཉིས་བར་ལ་འཁའ། ཤིང་ཉིས་བར་ལ་ཁྱུ།
- མགོ་ནག་མྱིས་མི་འདོད་ཀི་ཀླན་ཚིག་རྟ་མགོ་མ། ཤྭ་ཕོ་ཆེན་གྱི་མི་འདོད་ཀི་རྒྱ་མདའ་ཞོ་བཞི་མ།