05 Jan 2017
53 sec
Audio Overview
Creators:
Gangsol Folk Culture Preservation Project
- རྒྱུ་དང་ནོམ་པ།
- རི་རབ་ལ་འབའ་འབའ༌། རྒྱ་མཚོ་ལ་བཅུ་བཅུ།
- གསེར་སེར་པོའི་ཐང་མ་ཤོད་ལ་བརྡལ། ཕྱུགས་ཁྱ་ཁྱའི་རྣ་ལོ་རི་ལ་བཀྲམ།
- རྒྱུ་ཡོད་ན་བུ་མོ་སྤུན་གཉིས། རྒྱུ་མེད་ན་བུ་མོ་དཔོན་གཡོག
- བརྒྱ་ལུག་སྐོར་འཚོ་བྱེད་ནི་ཞིག་གིས། ར་གཅིག་ཐག་ཁྲིད་བྱེད་ནི་མ་རེད།
- ཕས་བསགས་གི་རྒྱུ༌། མས་བསགས་གི་ཟས།
- ཉོས་པའི་རྟ་ཕོ། བསུས་པའི་མནའ་མ།
- བང་མཛོད་གསེར་གྱིས་བཀང་རུང་། རི་ལུང་ནོར་གྱིས་བཀང་རུང་མི་འགྲིགས།
- རྒྱུ་ཡོད་རྒྱུ་ཡི་གཡོག་པོ། རྒྱུ་མེད་མྱི་ཡི་གཡོག་པོ།
- རྒྱུ་ཡོད་རྒྱུ་ཡིས་སྨྱོ། རྒྱུ་མེད་སྡུག་གིས་སྨྱོ།
- མགོ་ནག་རྒྱུ་ཡོད་སྨྱོ། བྱོལ་སོང་རྩྭ་ཡོད་སྨྱོ།
- མེད་པོར་རྒྱུ་ཡོད་ན། བཙན་པོའི་མགོར་གཉིད་མི་ཡོང༌།
- རྒྱུ་ཡོད་ན་ཨ་ཁུའི་ཚ་བོ། རྒྱུ་མེད་ན་ཨ་ཁུའི་གཡོག་པོ།
- ཁྲ་ཆུང་མིག་གིས་རྒྱུ་རིག་གེ གངས་དཀར་སེམས་ལ་འདྲེ་ཞུགས།
- ཕྱུག་པོའི་རྟ་ཕོ་རྟ་རེད་ད། མེད་པོའི་ར་མའང་རྟ་རེད།