04 Jan 2017
52 sec
Audio Overview
Creators:
Gangsol Folk Culture Preservation Project
- རི་བོང་གླག་གིས་ཁྱེར་ན། འབོད་ས་ཨ་སྔོན་གནམ།
- གོམ་གསུམ་སྤོ་དབང༌། ཚིག་གསུམ་བཤད་དབང༌།
- ཉམ་ཆུང་ལ་རྒྱུ་ཡོད་ན། བཙན་པོར་གཉིད་མི་ཡོང༌།
- ཕོ་ཉམ་ཆུང་ཁ་མཆུ་མུ་གེས་ཤི། བྱང་ཨ་ཆེན་གཡའ་མ་རླུང་གིས་ཁྱེར།
- མི་ཉམ་ཆུང་སྟེང་ལ་བཤད་འདོད། རྟ་སྒ་མེད་སྟེང་ལ་རྒྱུག་འདོད་བྱས།
- མི་ཉམ་ཆུང་ཐོག་ལ་ཁ་མཆུ་ཞིག དེ་ཡིས་མི་ཚད་ཀླེང་ཚིག་ཞིག
- མི་སྐྲ་མེད་ཐོག་ཏུ་ཇོ་བཞར་ཞིག དེ་ཡི་མི་ཚད་ཐ་ལྕག་ཞིག
- མི་བླ་བདེ་ཟེར་དུས་ཉམ་ཆུང༌། རྟ་རྒྱ་ར་ཟེར་དུས་རྒས་ནི་ཡིན།
- བཙན་གྱིས་བཙན་ཚོད་མ་ཟིན་ཉམ་ཆུང༌། ཕྱུག་པོ་སེར་སྣ་ཆེ་ན་མེད་པོ།
- ཉམ་ཆུང་ཞེ་སྡང་ཆེ་རུང་དགྲ་མི་ཐུལ། མེད་པོའི་ལྟོགས་མཆིན་ན་ཡང་ཟས་མི་རེག
- བྲག་ཐོག་གླ་བ་སྐྲ་ཕྲ། ཆུ་ནང་ཉ་མོ་བས་མགོ་དམའ༌།
- ཉམ་དེ་མི་ཆུང་ན་དུད་འགྲོ་རེད། སྐེ་དེ་མི་ཕྲ་ན་ཡི་དྭགས་རེད།