25 Nov 2016
32 sec
Audio Overview
Creators:
Gangsol Folk Culture Preservation Project
- རི་ཆུང་ཆུང་བུམ་པ་འདྲ་བོ་ཁྱོད།།
- བསྐོར་བསམ་དུས་སྐོར་ཁོམ་བྱུང་ཐ།།
- ད་འགྱོ་ཁ་ཕྱག་གསུམ་མཚལ་རྒྱུ་དེ།།
- སང་ཕྱིན་ཆད་འཁོར་བའི་སྨོན་ལམ་ཡིན།།
- ཆུ་ཆུང་ཆུང་བདུད་རྩི་འདྲ་བོ་ཁྱོད།།
- འཐུང་བསམ་དུས་འཐུང་ཁོམ་མ་ཡོད་ཐ།།
- ད་འགྱོ་ཁར་མཆོད་གསུམ་འཕེན་རྒྱུ་དེ།།
- སང་ཕྱིན་ཆད་འཐུང་གི་སྨོན་ལམ་ཡིན།།
- གྲོགས་ཆུང་ཆུང་ལྷ་སྐུ་འདྲ་བོ་ཁྱོད།།
- རྩེ་བསམ་དུས་རྩེ་ཁོམ་མ་བྱུང་ཐ།།
- ད་འགྱོ་ཁ་ཚིག་གསུམ་བཤད་རྒྱུ་དེ།།
- སང་ཕྱིན་ཆད་རྩི་འི་སྨོན་ལམ་ཡིན།།