04 Jan 2017
1 min 8 sec
Audio Overview
Creators:
Gangsol Folk Culture Preservation Project
- འདྲ་མཉམ་དྲང་བདེན།
- རང་ཐུང་ཚད་ན་ཤེས། བདེན་རྫུན་བཤད་ན་ཤེས།
- མི་དཀར་མགོར་ཞྭ་ནག རྟ་དཀར་མགོར་མཐུར་ནག
- ཡིན་ཡིན་ས། མིན་མིན་ས།
- དཀར་པོ་གྱེན་འདེད། ནག་པོ་ཐུར་འདེད།
- བདེན་ནམ་མཁའ་གཉིས་དེ་ཇེ་གསལ། རྫུན་མུན་པ་གཉིས་དེ་ཇེ་རུབ།
- བདེན་ལུང་པ་གཉིས་དེ་འགོ་ཐག་རིང༌། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང༌།
- དཀར་ནག་སྤྲིན་ནག་འདེད་འདེད། བདེན་རྫུན་རྒྱ་ཤིང་ཚད་ཚད།
- ཚིག་རྩ་བ་ཅན་པོ་ཐོ་གཏུགས། ཤ་རུས་པ་ཅན་པོ་ལྷུ་བསྒྲིགས།
- ཁ་གདངས་ན་གློ་བ་རིག་སྤྱད། མིག་ཕྱེ་ན་རྒྱལ་ཁམས་རིག་སྤྱད།
- ཆུ་ཆུང་ཐབས། ཟམ་པ་དམའ་ཐབས།
- ཡག་བཙོག་ཁྲོམ་ལ་བརྒྱབ། བདེན་རྫུན་ཁྲིམས་ལ་གཏུགས།
- བདེན་ཆེན་སེང་གེའི་ཡ་ཐོད་ལ། གནམ་ལྕགས་ཐོག་གིས་མི་དོ། རྫུན་ཆེན་དུག་གི་རྐྱལ་བ་ལ། བཟང་དྲུག་སྨན་གྱིས་མི་སོས།
- བདེན་ཆེན་ལུ་གུ་དཀར་པོ་དེ་ཡར་ལ་བསྒོས་ན་ཅེ་དཀར། མི་བདེན་བོ་ཐོ་ནག་རིས་དེ་ཐུར་ལ་བསྒྲིལ་ཅེ་ཆུང་།
- བདེན་ཆེན་ཤྭ་རྭ་དཀར་པོ་དེ། ཕྱིས་འི་ཕྱིས་འི་ཇེ་དཀར་ཡིན།
- མི་བདེན་སོལ་རྒྱེ་ནག་པོ་དེ། སྤྲུག་གི་སྤྲུག་གི་ཇེ་ནག་ཡིན།
- ང་བདེན་ཆེན་སེང་གེ་དཀར་མོའི་ཡ་ཐོད་ལ། གནམ་ལྕགས་ཐོག་གིས་བརྒྱབ་རབས་མེད།
- ཁྱོད་རྫུན་ཆེན་དུག་གི་ཕོ་བ་འདི་བཟང་དྲུག་སྨན་གྱིས་སོས་ཐབས་ཡོད་རབས་མེད།
- བཤད་ན་མི་བདེན་བྱ་བ་བདེན། ངུས་ནི་མི་བདེན་མཆུ་མ་བདེན།
- བྱ་གོ་བོས་མི་བསད། མི་གོ་བོས་སྟོང་འཇལ།
- ཟིན་ནི་དེ་ཤིག མི་ཟིན་ནི་དེ་ལྗིའ།
- དཀར་པོ་ཡིན་ན་གཡང་མོ་ལ་ཁར་འདེད་འདེད་དང་། ནག་པོ་ཡིན་ན་རིལ་མ་ཆུ་ལ་སྐུར་སྐུར་བྱེད་དགོས།