04 Jan 2017
1 min 37 sec
Audio Overview
Creators:
Gangsol Folk Culture Preservation Project
- འབུ་དུང་ཕྲུག་འོ་མས་གསོ་རྒྱུ་དེ། དགྲ་ཆུ་སྲིན་འཇིགས་པ་ཨེ་ཁོག་བསམ།
- གཡག་ལིས་ཁྱག་ཚད། འབྲིང་ལིས་རྩེབ་ཚད།
- ཇོ་བོ་མཇལ་ཞོར། གཡག་གུ་བཏུལ་ཞོར།
- ཕར་སོང་མི་ལ། ཚུར་ཡོང་གི་གཏམ།
- བཅད་པའི་སྡོང་པོ་དེ་སྐྱེ་མི་ཐུབ་པ། མནན་པའི་དགྲ་བོ་དེ་ལངས་མི་ཐུབ་པ།
- ཁྱོད་ཀྱིས་སྟག་ལ་ཁས་ཟིན་ན། ངས་ཝ་ཆུ་ཁས་འཆོར་ནི་མ་རེད།
- ས་གར་སོང་ཟེར་ན་འདིར་སོང༌། དོན་ཅི་བསྒྲུབས་ཟེར་ན་འདི་བསྒྲུབས།
- ཕྱི་ལྟ་ལྟ། ནང་མྱང་མྱང༌།
- བརྙབ་པའི་སྟག་ལག་གཡས་པ། གདོང་གི་རྭ་ཡུས་གཡོན་མ།
- ཨ་བྲ་ཆུང་རུང་གཟུགས་བཞི་ཚང༌།
- ས་སྙི་སས་གྲོ་མ་ཉིས་རྐོ། ལམ་བདེ་སས་ཤིང་རྟ་ཉིས་དྲུད།
- ཕ་དམ་པ་ཆང་གི་བཟི་རུང༌། དོན་དམ་པ་རླུང་ལ་སྐུར་ནི་མ་རེད།
- བྲེལ་མོ་སྔོན་ན་མི་འཆོར་གི་ལྕགས་སྲབ་སིས་མ། དལ་མོ་རྗེས་ལ་མི་ལུས་འི་ལྕག་ཚན་ཁྲ་མོ།