04 Jan 2017
1 min 13 sec
Audio Overview
Creators:
Gangsol Folk Culture Preservation Project
- འབའ་ད་རིན་མེད་པའི་རྡོ་རྗེ་དྲེལ་རིན།
- བལྟ་ས་ཁྲ་ཡག་རྫ་ཡིན་ན། གཏད་ས་བྲེ་སེར་འབྲོང་རེད།
- ཨ་ལིའི་ཁར་ཞོ་བསྒོས། འབྱུང་པོའི་ཁར་གཏོར་བསྒོས།
- ཁ་ཡིས་རྟ་སྐད་བྱས་རུང༌། རྗེས་བོང་རྗེས་འབབ་གི།
- མགོ་རིལ་རིལ་ཡ་ཁ་མ་ནེ། སེམས་གངས་དཀར་ས་ས་སོ་སོ།
- རྟ་ཁ་དང་བོང་མཆུ། གནམ་ས་དང་སྒེའུ་ཁུང༌།
- ཞིམ་པོས་ཁ་བྲིད། མཛའ་མོས་མིག་བྲིད།
- ཝ་ལུ་མ་ཤི་ཁུལ་དང་ཁྱི་ལུ་མས་བཏོགས་ཁུལ།
- རང་སྡུག་རོགས་ལ་སྤོར། ཁྱི་ནད་ཕག་ལ་སྤོར།
- སྐྲངས་པ་གཉན་ལ་བསྒྱུར། འཇག་མ་མདུང་ལ་བསྒྱུར།
- ཁྭ་ཏ་ནག་པོའི་སྡིག་སྒྲིབ་ཀྱིས། ངང་པ་སེར་པོ་འདམ་ལ་ཟུག
- བཤད་ས་བུ་མོ། གོ་ས་མནའ་མ།
- ཕ་མགོ་བུས་གཡོག བུ་མགོ་དགྲས་གཡོག
- ལྷ་ཁང་རྙིང་པ་ལ་གནས་བཤད་གསར་པ།
- མཁོ་དུས་རྡོ་རྗེ། མི་མཁོ་དུས་རྡོ་ཡིན །
- མགོ་གཡོག་རྒྱབ་ཀྱི་མྱི། སྒ་དམར་ཞབས་ཀྱི་རྟ།
- ཁ་ཡག་ལ་བསྒྱུར། མགོ་ཡོག་ལ་བསྡུས།
- ཁག་འཇོག་ས་ཁ་དཀར་རྐྱང་རེད། མདའ་འཕེན་ས་བྲེ་སེར་འབྲོང་རེད།
- རྡུང་རྒྱུ་རྔ་བརྡུངན་དམིགས་རྒྱུ་འདྲེ་དམིགས།
- ལྟ་ས་བོས་འི་ཧྭ་རིག འཇུ་ས་ས་བྱ་འི་རྔ་མ།