05 Jan 2017
53 sec
Audio Overview
Creators:
Gangsol Folk Culture Preservation Project
- འཕྱ་སྨོད་ཟུར་ཟ།
- འདུ་ཁང་གི་རྩིག་རྨང་མ་ཞོག་གོང༌། དགེ་བསྐོས་ཀྱི་ཕུ་རུ་འཇོག་ས།
- སྦོ་ཞབས་ཀྱི་ཆུང་མ། སྒ་ཞབས་ཀྱི་འོག་རྟ།
- ཁ་དྲི་ངོ་མདོག སྐྱེ་དྲི་བྲང་ཤ།
- རྡོ་གཡའ་མས་ཀ་རྡོ་མི་ལོམ། མྱི་ལྐུགས་པས་གཉེར་པ་མི་ལོམ།
- དབྱར་ཁའི་སྤང་ལ་མི་སྐྱེ་དགུ་སྐྱེས། འཇིག་རྟེན་མི་ལ་མི་ཡོང་དགུ་ཡོང༌།
- ཨ་བྲའི་དཔོན་པོ་སྐྱ་བྲ། དགྲ་སྲེ་མོང་ཐོན་དུས་མཉམ་འཆའ།
- མྱི་ངན་བཟུང་ན་མི་དོ། ཁྱི་ངན་བཀག་ན་མི་ཁོག
- ཁོ་བས་ཡན་ན་མྱི་མེད། ཤིང་སི་རུ་བས་ཡན་ན་ནགས་མེད་བསམ།
- མཐོན་པོའི་ངོ་ལ་ཚིལ་ཁུ། དམའ་མོའི་ངོར་ཐལ་ཁུ།
- རྒྱ་སྒོའི་རྩིབས་ཀྱི་གློ་སྒོ། ཁ་ལག་བར་གྱི་འགོང་བོ།
- ཨེ་ཡག་བསམ་ནས་ལྷ་ཁང་བཞེངས། མ་ཡག་བྱ་ཚང་འཇོག་སར་གྱུར།