19 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- འདིའི་སོ་སེན་མོ་དུང་རེད།།
- དུང་དཀར་རོགས་ལོ་བདེ་མོ་ལོ།།
- ཚེ་ཡུན་གི་བཟླས་ནི་མིན་ད།།
- ཞག་ཆ་རེར་མ་ཐུག་བདེ་མོ་ལོ།།
- ལུས་དྲུག་ལྷུ་དྲུག་མདའ་བས་དྲང་།།
- མདའ་སྙུག་རོགས་ལོ་བདེ་མོ་ལོ།།
- ཚེ་ཡུན་གི་བཟླས་ནི་མིན་ད།།
- ཞག་ཆ་རེར་མ་ཐུག་བདེ་མོ་ལོ།།
- ཁ་ད་ལག་པ་དར་བས་འཇམ།།
- དར་འཇམ་རོགས་ལོ་བདེ་མོ་ལོ།།
- ཚེ་ཡུན་གི་བཟླས་ནི་མིན་ད།།
- ཞག་ཆ་རེར་མ་ཐུག་བདེ་མོ་ལོ།།