04 Jan 2017
1 min 3 sec
Audio Overview
Creators:
Gangsol Folk Culture Preservation Project
- རྒྱུ་རྐྱེན་རྟེན་འབྲེལ།
- ཛ་ཏི་དཀར་པོ་དེ་སྨན་གྱི་གཞི་མ། ཆུ་ཤིང་ནག་པོ་དེ་དུག་སྣ་འདྲེན་རེད།
- གཡའ་མ་ཁྲ་ཡག་རྫ་ནས་ཆད། རྫ་མེད་ན་རྦབ་རྡོ་ཆད་དོན་མེད། །
- མགོའི་རྭ་ནང་གིས་མ་འབྱུང་རུང་། རྐང་རྨིག་ནང་གིས་འབྱུང༌།
- ཝ་ཁ་གཤོང་སྤྱད་ཀྱི་ཐུར་མ། གོད་ཁ་གསེས་སྤྱད་ཀྱི་སྟ་རེ།
- རི་སེར་ཡག་གསུམ་ལ་མེ་ཤོར་ན། བསའ་རྡོ་གར་གཉིས་ཀྱི་འབྱུང་ཁུངས།
- ཆུ་རྒྱ་མཚོ་གཉིས་ལ་དུག་བཏབ་ན། དུག་དུག་ཕོར་གཉིས་ཀྱི་འབྱུང་ཁུངས།
- གཡག་མ་ཤི་མཆིན་པ་ཁོང་ནད། ནད་དྭངས་རུང་འཁུན་མ་དྭངས་བ་ཟིག
- འགྱེལ་སའི་ས། འགྱེལ་རྐྱེན་གྱི་རྡོ།
- གྱོད་ཁ་མཆུ་གཉིས་ཀྱི་འགོ་ཁུངས། རྣག་ཆ་སེར་གཉིས་ཀྱིས་འབྱུང་རྐྱེན།
- སྔ་དྲོ་ཝ་མོ་དུ་བས་བསད་ན། ཕྱི་དྲོ་ཝ་ལྤགས་མར་གྱིས་མཉེད་དགོས།
- ཆོས་མེ་ཏོག་གཉིས་ཀྱི་འཁྲུངས་ཡུལ། གྱོད་ལོ་མ་གཉིས་ཀྱི་འབྱུང་ཁུངས།
- ནག་པོ་གྱོད་ཀྱི་གཞི། སྐྱ་རིང་མཁར་གྱི་རྨང་།
- དཀར་ཡག་འོ་མའི་མཚོ་ནང་ལ། དམར་ཡག་ཁྲག་གི་ཐིག་ལེ།
- རྡོ་མ་འཕང་ན་བྱ་མི་འཕུར། བྱ་མ་འཕུར་ན་རྟ་མི་འདྲོགས།