03 Jan 2017
2 min 47 sec
Audio Overview
Creators:
Gangsol Folk Culture Preservation Project
- མྱི་ཁོག་མྱིས་མི་རིག ཤིང་ཁོག་སྟ་རེ་ཡིས་མི་རིག
- རྡོ་རྗེ་གོ་ཁར་ལྷུང་ན་ཞ་ཞིའི་རྩེ་སྤྱད།
- ཡོད་པའི་ཁར་བསགས་འདོད། མེད་པའི་ཁར་གཏོར་འདོད།
- ས་མ་འདྲིས་བྱང་རང་སྐྱ་མོ། འདྲིས་ཚར་དུས་རང་གི་ཕ་ཡུལ།
- སྐད་སེངགེ་དཀར་མོ་ཆེ་ཡང༌། ཕན་སྒོ་ཁྱི་ནག་པོས་ཐོག
- སེམས་ཀྱི་སླེབས་ས་ལ་ལུས་པོས་མི་སླེབས།
- མི་རྒས་ན་སྐད་ཆ་མང༌། ཤིང་རྒས་ན་རྩ་ཁྱུ་མང༌།
- མེད་པོ་ལ་ཁྱོགས་དང་ཤི་བོ་ལ་ལོངས་ཟེར་རྒྱུ་ཡོད་ནི་མ་རེད།
- ཨ་མ་ཨེ་ཡིན་སྐད་ཀྱིས་ཤེས། ཨ་སྣོ་ཨེ་ཡིན་རྐན་གྱིས་ཤེས།
- གཡག་ཆད་འདམ་ལ་ཟུག་ལ་མི་མང་དགོས། ཝ་དམར་ཁུང་ལ་བསྡུས་ན་མི་ཉུང་དགོས།
- ཡར་ལུང་ཁོག་གི་བསྡད་ན་ཡར་ལུང་ཤན་པོ་མཆོད་དགོ ས་མར་ལུང་ཁོག་གི་བསྡད་ན་ཁྱིམ་མཚེས་རྒན་མོ་བཀུར་དགོས།
- དགྲ་ཕྱི་ནང་འདྲེས་ན་རྫོང་མཁར་གྱིས་མི་ཁོག
- མིའི་ཁྲ་ཁྲ་ནང༌། ཟོག་གི་ཁྲ་ཁྲ་ཕྱི།
- བན་སེར་ཆུང་གི་ཡོན་ཏན་དེ་ནང་ན་ཡོད། སྟག་དམར་ཡག་གི་ཐིག་ལེ་དེ་ཕྱི་ན་ཡོད།
- མིས་མི་ལ་རེ་ན་ཉིན་གཅིག བྱ་ཤིང་ལ་རེ་ལ་ཚེ་གཅིག
- ཁྲེལ་ཕྱི་ཐག་རིང་བའི་གྲོགས་པོ་དཀོན། ཚོང་དྲང་མོ་གཏམ་པའི་ཁེ་བ་དཀོན།
- ཐེངས་རེར་རྟ་མཐོ། ཐེངས་རེ་གད་པ་མཐོ།
- སྤྱང་གིས་རྩྭ་མི་ཟ་རྒྱུ་དེ། གཡང་དཀར་ལུག་ལ་མི་ཉན་སྤྱད
- སོ་མེད་དེ་ཟ་ལུགས་ངན། མིག་མེད་དེ་ལྟ་ལུགས་ངན།
- སྟག་ཤི་ན་སྤར་མོ་སྐམ། ཝ་ཤི་ཡང་གྱ་མི་ཉམས།
- ཤེད་རྒྱལ་པོར་མེད་ཀྱང་བསྡུར་ནི་དཀོན། བློ་སྤྲང་པོར་ཡོད་ཀྱང་འདྲི་ནི་དཀོན།
- སྙིང་རྗེའི་ཟ་མ་སྙིང་འཁྱག་སློང་སྤྱད།
- བྱང་ཚྭ་ཁ་ནོར་བུའི་བང་མཛོད་ན། འདི་རྙེད་པར་ལག་པ་སུ་རིངཡིན།
- སྦྲུལ་གཅིར་ཡང་རྐང་ལག་ལྷང་ལ་འབུད་རྒྱུ་མེད།
- འདྲ་ཐང་བཤད་ན་མི་མི་དགའ༌། དབྱུག་པ་ཕྱར་ན་ཁྱི་མི་དགའ༌།
- ཆང་འཐུང་ན་བཟི་དགོས། དུག་འཐུང་ན་ཤི་དགོས།
- ས་ཕྱར་ན་རྡོ་ལྷང་ལ་འབུད། ཚིག་དཔྱད་ན་སྐྱོན་ལྷང་ལ་འབུད།
- བསམ་པའི་ཟས་ལ་ཆེ་ཆུངམེད། མི་དགའི་ཚིག་ལ་མང་ཉུང་མེད།
- སྦྱིན་པའི་ངོ་སོ། བཙོངགི་རིན་པ།
- སྟོད་ལྷ་ཁང་བཞེངས་པའི་ཕན་ཡོན་དང་མདོ་ཤིང་སྐྱ་བཅད་པའི་ཉེས་དམིགས།
- ལ་ལ་མ་ཁུར་ན་རྟ་མིན། ཐུར་ལ་མ་བབས་ན་མི་མིན།
- མི་ཆགས་རྒན་མོ་ལ་ཆགས། ལ་ཐུར་ར་མི་ཆགས་གྱེན་ན་ཆགས།
- ལག་པ་རིང་རུང་། ཕུ་རུང་ཐུང་གི