Skip to main content Skip to search
04 Jan 2017
1 min 42 sec
Audio Overview
Creators: 
Gangsol Folk Culture Preservation Project
Transcript search
No results found for this search
0 of 0
  • ཆ་རྒྱུས་ཉམས་མྱོང་།
  • བསླབ་པའི་ཤེས་རྒྱ་མེད། སྒོམ་པའི་ཉམས་མྱོང་མེད་པ།
  • ཟས་ཅི་ཡོད་ཁྱིམ་མཚེས་རྒན་མོ། གཏམ་ཅི་བཤད་ལ་ཁའི་ལུག་རྫི།
  • ར་རྒན་ཆར་བས་འདེད་ལོབ་མ། ཉིན་སྲིབ་མེད་པར་བྲོ་ལོབ་མ།
  • གོ་དང་རུས་པ་ཟ་ལོབས་མ། མིད་པ་མ་བཤུས་ལོབས་ལོབས་མ།
  • ལ་ཁའི་ཁ་བ་ཆེ་ཆུང་དེ། ལྷ་བྱ་གོང་མོའི་སྐད་ལ་ཉོན།
  • ལུང་པའི་ཕུག་ཐག་རིང་ཐུང་དེ། གཙང་ཆབ་སྔོན་མོའི་འགྲོས་ལ་ལྟོས།
  • ལམ་ཁ་ཐག་རིང་ན་རྟ་ཕོའི་བང་རྩལ་ཤེས། གྲོགས་གཤིབ་ཡུན་རིང་ན་མི་ཡི་བཟང་ངན་ཤེས།
  • ཁྱོ་ཉ་སོ་མེད་རེ་ཐུག་ནི་མ་གཏོག སྟག་ཡ་སོ་ཅན་ན་ཐུག་མ་མྱོང་ཟིག
  • ཕ་ཐོབ་གསེར་གྱི་རལ་གྲི་དེ་རྡོར་རྒྱག་མ་མྱོང་། མ་ཐོབ་སྟག་མོའི་འཛུམ་རིས་དེ་ཁྱིར་སྐུར་མ་མྱོང་།
  • ཁ་དཀར་རྐྱང་ལ་ཁ་ལོ་བཏུལ་མྱོང་། བྲེ་སེར་འབྲོང་ལ་སྣ་ལོ་བཏུལ་མྱོང་།
  • མི་རྒྱུས་ལོན་པ་ལོ་གསུམ། ཁྱི་རྒྱུས་ལོན་པ་ཞག་གསུམ།
  • ཁྱི་ཨ་ལེ་གཉིས་ཀས་ཉེ་ངོ་ཟིན། བྱ་རི་དྭགས་གཉིས་ཀྱིས་དགྲ་ངོ་ཟིན།
  • འདྲིས་ཆེ་ན་མིག་གིས་རྫི་མ་མི་རིག
  • བཟའ་སྐྱོན་བཟའ་བས་ཤེས། ཤིང་སྐྱོན་སྟ་རེ་ཡིས་ཤེས།
  • མཛོ་རྒན་རྒས་རུང་ལམ་རྒྱུས་ཡོད།
  • ལ་མགོའི་ཤྭ་རྭ་གྱོང་བོ་དེ། ཤྭ་ཕོ་ཆེན་མགོའི་དུང་རྭ་བྱས་མ་མྱོང་ནི་ཟིག་མ་རེད།
  • གནས་དུར་ཁྲོད་ནང་གི་མི་མགོ་སྐམ་པོ་དེ། ཆུང་ཨ་མའི་རུམ་ནས་གཅེས་ཕྲུག་བྱེད་མ་མྱོང་ནི་ཟིག་མ་རེད།