05 Jan 2017
1 min 41 sec
Audio Overview
Creators:
Gangsol Folk Culture Preservation Project
- བསྟོད་པ་རྟེན་འབྲེལ།
- མི་ཟེར་ན་ཁྱོད་ལ་ཟེར། བྱ་ཟེར་ན་ཁྱུང་ལ་ཟེར།
- ཁ་རླངས་པ་ཅན་གྱིས་འབོད་མི་བྲ་ས། ལག་དྲག་མག་ཅན་གྱིས་རེག་མི་བྲ་ས།
- ཚད་དང་ལྡན་པ། ཚུལ་དང་མཐུན་པ།
- མྱི་བདེན་པ། བལ་ཐར་མ།
- རང་མྱི་རང་གིས་བསྟོད་དགོས། རང་བླ་རང་གིས་མཆོད་དགོས།
- མྱིས་མྱི་བཀྱགས་ན་དཔོན་པོ་དང་བླ་མ། ཤིང་གིས་ཤིང་བཀྱགས་ན་དགོན་པ་དང་ལྷ་ཁང་།
- ཁྲ་ཆུང་མིག་གི་རྒྱན་ཆ། གངས་དཀར་སེམས་ཀྱི་གཏད་སོ།
- མགོ་རྨོག་དཀར་སྟེང་གི་དར་འཕྲི། རྒྱབ་ཁྲབ་དཀར་སྟེང་གི་མེ་ལོང༌།
- གོ་བ་ཅན་ལ་བརྡ་བརྒྱབ་ནི་ཡིན། རི་སྤྱང་སྔོན་མོར་ཀི་བྱས་ནི་མིན།
- ཕར་བལྟས་ན་མི་ཡུལ་རིག་བདག ཚུར་བལྟས་ན་རང་ཡུལ་རིག་བདག
- མི་ཆེན་ཁ་ནང་གི་ཚིག་ཆེ། སེང་གེ་ཁ་ནང་གི་འོ་མ།
- སྔུན་ནས་བལྟས་ན་སེང་གེ་དཀར་མོའི་འགྱིང་། ལྟག་གིས་བལྟས་ན་གཡུ་འབྲུག་མོའི་འཁྱུག
- གངས་དང་སེང་གེ་མཐོ་སྡེབ། ནགས་དང་སྟག་མོ་བཙན་སྡེབ། སྤང་དང་མེ་ཏོག་མཛེས་སྡེབ།
- ཕར་འགྲོའི་སྔོན་མ། ཚུར་ཡོང་གི་རྗེས་མ།
- ལྐུགས་པ་ལ་ཤེས་རབ་ཀྱི་ལྕེ། ལོང་པ་ལ་ཡེ་ཤེས་ཀྱི་མིག
- མི་ངོ་ལྷ་ངོ་འདྲ་འདྲ། ལྷ་ངོ་ཉི་མ་ཤར་འདྲ།
- བུ་ཕས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད།
- རང་གི་ལྷ་དེ་རང་གིས་གསོལ་དགོས། རང་གི་མི་དེ་རང་གིས་བསྟོད།
- རི་ལུང་བྲག་ལུང་མིན་པ་བདེ་ལ་བཀོད། ཆུ་ར་འོབ་ར་མིན་པ་དྭངས་ལ་བསྒྱུར།
- བརྒྱ་དཀྱིལ་ནས་བདམས། སྟོང་དཀྱིལ་ནས་བསལ།
- མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕགས་གཅིག
- ལྷ་ཤིང་ཤིག་པ་བུས་ནས་མཆོད་ནི་ཟིག་མས། འདྲེ་ཤིང་ཚེར་མ་བུས་ནས་ཐལ་བ་ཕོས་ནི་ཟིག་མེད།
- བསྟོད་མི་ཤེས་ནི་ཟིག་གིས་བསྟོད་རག་ལ། སྨད་མི་ཤེས་ནི་ཟིག་གིས་སྨད་ན་དགའ།
- བསྟོད་ད་མ་ཕྱི། སྨད་ད་མ་སྔ།