30 Dec 2016
21 sec
Audio Overview
Creators:
Gangsol Folk Culture Preservation Project
- མཛོ་ག་ལི་རོག་ལི་གཉིས་ཀའི།།
- བདམས་བཞག་ན་ག་ལིའི་ལོས་བདམས་ད།།
- ངས་རོག་ལི་མ་བདམ་ཐབས་མེད་རེད།།
- སྔར་དང་མ་དྲུག་ཇ་ཁུར་ལུགས་རེད།།
- རྟ་གྱོ་ལི་གྱོ་རྒྱ་གཉིས་ཀའི།།
- བདམས་བཞག་ན་གྱོ་རྒྱའི་ལོས་བདམས་ད།།
- ངས་གྱོ་ལི་མ་བདམ་ཐབས་མེད་རེད།།
- སྔར་དང་མ་བྱང་ལམ་གཅད་ལུགས་རེད།།
- རོགས་གནའ་འདྲིས་ད་འདྲིས་གཉིས་ཀའི།།
- བདམས་བཞག་ན་ད་འདྲིས་ལོས་བདམས་ད།།
- ངས་གནའ་འདྲིས་་མ་བདམ་ཐབས་མེད་རེད།།
- སྔར་དང་མ་ཚིག་གསུམ་བཤད་ལུགས་རེད།།