28 Dec 2016
29 sec
Audio Overview
Creators:
Gangsol Folk Culture Preservation Project
- མདོ་ཆུང་ཐོར་ལོས་འཕྲིན་ཟིག་བསྐུར།།
- ཤུས་འི་ཐོར་མོ་ཟེས་འི་རྫས་བཤད་གི་ཟེར།།
- སྔུན་དི་ན་རྒྱ་ཧྲབ་སིས་མ་ཟིག།
- རྒྱབ་དི་ན་ལྕག་ཚན་ཕྲ་མོ་ཟིག།
- བུད་མ་སོང་ལོས་ཐབས་མ་ཁུ་ད།།
- ས་གང་ང་སོང་ན་ཁྱོ་མི་བརྗེད།།
- ཁྱུང་དཀར་མཛོ་ལོས་འཕྲིན་ཟིག་བསྐུར།།
- ཤུས་འི་ཐིའུ་ལོ་ཟེས་འི་རྫས།།
- སྔུན་དི་ན་ཤིག་མར་སྣ་གཅུ་ཟིག།
- རྒྱབ་དི་ན་དྲུག་ཇ་ལེབ་མོ་ཟིག།
- བུད་མ་སོང་ལོས་ཐབས་མ་ཁུ་ད།།
- ས་གང་ང་སོང་ན་ཁྱོ་མི་བརྗེད།།
- སྐྱེ་ཡག་ཤར་ལོས་འཕྲིན་ཟིག་བསྐུར།།
- ཤུས་འི་བོ་ལོ་ཟེས་འི་རྫས།།
- སྔུན་དི་ན་དགྲ་བོ་ངོ་ནག་ཟིག།
- རྒྱབ་དི་ན་ཁྱ་རིང་རྭ་གཉིས་ཟིག།
- བུད་མ་སོང་ལོས་ཐབས་མ་ཁུ་ད།།
- ས་གང་ང་སོང་ན་ཁྱོ་མི་བརྗེད།།