04 Jan 2017
1 min 50 sec
Audio Overview
Creators:
Gangsol Folk Culture Preservation Project
- མཐུན་སྒྲིལ་རོགས་རེས།
- ནམ་མཁའི་བྱ་ལ་བྱ་རོགས། ས་གཞིའི་འབུ་ལ་འབུ་རོགས།
- ཕ་ལོ་མ་ལོ་གྲོས་ཟིག་བྱས། བུ་ལོ་མི་སྡུག་ཐབས་ཟིག་བྱས།
- ཨ་མོ་ནང་གྲོས། དྲིལ་བུ་ནང་རྫོང་།
- གོར་ལི་མ་འདྲ་ལུགས། གྲུ་བཞི་མ་སྐོར་ལུགས།
- ཁེའུ་ལབ་ཙེ་བསྟོད་རེས། སྒ་ལག་པས་འཇུ་རེས།
- མ་ཉེ་འཁོན་དེ་རང་གིས་བཅོས། བ་སྣ་ཐག་དེ་རྫི་བུས་གཟད།
- གཏམ་ཁ་ཚིག་སྙན་མོ་བཤད་རེས་ཡོད་ན་ཡག ཟས་བྲོ་བ་ཞིམ་པོ་ཟ་རེས་ཡོད་ན་ཡག
- ཕྱི་གྲོས་ལྕགས་རི་བསྐོར་འདྲ། ནང་གྲོས་སྒོ་མོ་གཏད་འདྲ་བྱས།
- དྲིན་སུ་ཆེ་དྲིན་ཆེན་ཕ་མ་རེད། འོད་གང་ཆེ་འཛམ་གླིང་ཉི་མ།
- ཚིག་བཟང་ལ་ཁས་ཐོ་ཐུག་ནི་ཡིན། གསེར་ནག་བ་རེས་ཁ་འཕྲོད་ནི་ཡིན།
- མདུང་སྐྱ་རེངས་གཅིག་ལ་མཆི་མ་མཉམ་འདེབས། བོ་ཐོ་གཅིག་ལ་རྡོག་པ་ལྷན་གཏད།
- ཕ་མང་གི་བུ་འདུས་ས། གྱི་ལིང་གི་སྒ་སྟོད་ས།
- ཕུ་ནུ་གལ་ཆེན། ཤག་པོ་འདང་ཆེན།
- བྲག་བདེ་ན་ཨུག་བདེ། མཚོ་བདེ་ན་ཉ་བདེ།
- མགོ་ཟེར་ན་ག་གླ་གཅིག རྐང་ཟེར་ན་ཉ་ཡུས་གཅིག
- ས་བཙན་པོ་བུས་འཛིན་རེས། གཡུ་ཕ་ཕྱུག་བུ་མོས་འདོགས་རེས།
- འཇིག་རྟེན་མི་ཡུལ་གྱི་སྣང་བ་མཐུན་ས། དགའ་ལྡན་ལྷ་ཡུལ་གྱི་དམ་ཚིག་གཅིག་ས།
- ཐང་མགོའི་རྩྭར་མི་གནོད། ཐང་སྐེད་ཀྱི་ཆུར་མི་གནོད།
- ཞེ་མ་མཐུན་ན་ཚིག་མི་མཐུན།
- དབུས་ཇོ་བོ་མཇལ་བའི་མཇལ་རོགས། བྱ་ཁྭ་ཏ་གསོད་ཀི་སྡིག་རོགས།
- གྲོག་ཡོད་ན་གྲི་རྩེས་ཁམ་བགོས། གྱོང་ཡོད་ན་སྡོང་མ་སྤྱི་ཁུར།
- རི་བོང་རྩྭ་མི་གནོད་ཀི་བསའ་ཏོག་ཟ་མཁན་དང་། ཁུ་བྱུག་ཆུའི་མི་གནོད་ཀི་གནམ་ཆུ་འཐུང་བདག
- བྱ་མ་འཕུར་སྒོང་ང་ལེན་ཐབས་དང་། འབྲི་མ་འདྲོགས་འོ་མ་ཞུར་ཐབས།
- ཆུ་མོ་བཞུར་ལན་བདེ་མོ། ཉ་མོ་འཁྱུག་ལན་བདེ་མོ།