28 Dec 2016
17 sec
Audio Overview
Creators:
Gangsol Folk Culture Preservation Project
- མགོ་དང་ཞྭ་གཉིས་བར་ར།།
- འཇམ་པོའི་སྐྱ་སྐྲ་ཟིག་བཞག་ཡོད།།
- ཞྭ་མི་འཆུག་ཞྭ་ལུང་བརྒྱབ་ཡོད།།
- འཆུག་སོང་ན་སྐྱེ་བ་སྔོན་ལས་རེད།།
- རྟ་དང་སྒ་གཉིས་བར་ར།།
- འཇམ་པོའི་སྟན་ཟིག་བསྟད་ཡོད།།
- སྒ་མི་འཆུག་གློ་ཟིག་བརྒྱབ་ཡོད།།
- འཆུག་སོང་ན་སྐྱེ་བ་སྔོན་ལས་རེད།།
- རོགས་དང་ངི་གཉིས་བར་ར།།
- འཇམ་པོའི་ཚིག་ཟིག་བཤད་ཡོད།།
- རོགས་མི་འགའ་འགལ་མནའ་ཟིག་བཞག་ཡོད།།
- འགའ་སོང་ན་སྐྱེ་བ་སྔོན་ལས་རེད།།