22 Dec 2016
44 sec
Audio Overview
Creators:
Gangsol Folk Culture Preservation Project
- མཁར་ཁྲ་རིང་རྡོ་ཐོག་རྡོ་བཞག་རེད།།
- དེ་མཐོན་པོ་ཡོང་ནི་མཚར་པོ་རེད།།
- བོའུ་ཁྲ་རིང་ཤིང་ནང་ལྕགས་མཐུད་རེད།།
- དེ་གྲགས་རྒྱུ་ཡོང་ནི་མཚར་པོ་རེད།།
- རོགས་ངེད་གཉིས་ཕ་མ་ཁ་ཁ་རེད།།
- ཞེ་མཐུན་པོ་ཡོང་ནི་མཚར་པོ་རེད།།
- རོགས་ཆུང་འདྲིས་ཟེར་རེ་མང་པོ་མེད།།
- གཅིག་ཡོད་ད་ནམ་མཁའི་ལྷ་དང་འདྲ།།
- ལྷ་འདྲ་བའི་སྤྲུལ་བ་ཅི་ཡོད་ད།།
- ང་རང་གི་སེམས་ན་ལྷ་དང་འདྲ།།
- རྟ་འདོ་བ་ཟེར་རེ་མང་པོ་མེད།།
- གཅིག་ཡོད་ད་ནམ་མཁའི་བྱ་དང་འདྲ།།
- བྱ་འདྲ་བའི་ཤོག་རྩལ་ཅི་ཡོད་ད།།
- ང་རང་གི་སེམས་ན་བྱ་དང་འདྲ།།
- བོས་ཟེར་རེ་མང་པོ་མེད་ད་འོ།།
- གཅིག་ཡོད་ད་གནམ་ལྕགས་ཐོག་དང་འདྲ།།
- ཐོག་འདྲ་ནིའི་གཟུ་ཞགས་ཅི་ཡོད་ད།།
- ང་རང་གི་སེམས་ན་ཐོག་དང་འདྲ།།