Skip to main content Skip to search
05 Jan 2017
44 sec
Audio Overview
Creators: 
Gangsol Folk Culture Preservation Project
Transcript search
No results found for this search
0 of 0
  • དཔའ་བའི་གདེང་ཚོད།
  • བྲེ་སེར་འབྲོང་གི་རྭ་རྩེ་རྣོ་ན། རྒྱ་སྟག་དམར་པོའི་མཆེ་བ་རྣོ།
  • ཁྱོད་རྟ་ཕོ་ལ་རྒྱུག་ཤེད་ཡོད་ན། ངའི་སྲབ་མདའ་ལ་འཐེན་ཤེད་ཡོད།
  • གོས་ཆེན་ཐང་ལ་བཏང་ན་བཟོ་ཁོག་ཡིད་ལ་འཆར་དགོས།
  • བྲེ་གསུམ་རྩམ་པ་མེད་ན། ཆུ་ཆེན་ཆུ་ཁར་མི་འགྲོ།
  • མྱི་ཐུབ་སྤྱད་ཀྱི་ཚིག རྟ་ཐུབ་སྤྱད་ཀྱི་སྒྲོག
  • ལ་རིང་པོ་རིག་རུང་ཐོ་རིའི་དཔུང་ཤ་འདར་ནི་མ་རེད༌། དགྲ་ནག་པོར་ཐུག་རུང་ཞི་ལིའི་ཞེ་རྩ་འདར་ནི་མ་རེད།
  • སྐྱེ་ཕོ་རབ་ཞིག་ལ་བསམ་ཚོད་དང་། རྟ་བྱང་མ་ཞིག་ལ་རྒྱུག་ཚོད།
  • གངས་དཀར་སེམས་ལ་རྟ་མེད་ན། ཕུ་རུང་ནང་དུ་སྲབ་མི་འཛིན།
  • གླག་ཁྱ་མས་རི་སྐེད་བདའ་ནས་སོང་ན། གཤོག་སྣེ་བྲག་ལ་མི་རྒྱག་པའི་ཡིད་ཚོད་ཞིག་ཡོད་ནི་རེད།