21 Dec 2016
45 sec
Audio Overview
Creators:
Gangsol Folk Culture Preservation Project
- བྲག་ད་ཤུལ་ལོ་རྒས་འི་མཐུན།།
- མཐུན་མི་བཅུག་རྒྱ་སྟར་ངར་མས་གཏོར།།
- གཏོར་མི་དོ་ཤུག་རྒྱུད་བྲག་ག་ཟུགས།།
- སང་ན་ལོ་ད་ཚད་བཟླས་དུས།།
- སྔོ་ཤིག་གེ་ཤུག་ལ་མ་སྐྱེས་ན།།
- ང་ལྷ་ཤིང་ཤུག་ལོ་མིན་རྟགས་ཡིན།།
- ཐང་ད་མེ་ཏོག་རྒས་འི་མཐུན།།
- མཐུན་མི་བཅུག་ཚེར་དཀར་ལུག་གིས་གཏོར།།
- གཏོར་མི་ཐུབ་མེ་ཡ་གཏིང་ང་ཟུགས།།
- སང་ན་ལོ་ད་ཚད་བཟླས་དུས།།
- ཁྲ་ཤིག་གེ་མེ་ཏོག་མ་སྐྱེས་ན།།
- ང་མེ་ཏོག་སེར་ཆེན་མིན་རྟགས་ཡིན།།
- རོགས་ད་འུ་ཉིས་རྒས་འི་མཐུན།།
- མཐུན་མི་བཅུག་སྡེ་ཆེན་མཁའ་འི་གཏོར།།
- གཏོར་མི་ཐུབ་གཅིག་སེམས་གཅིག་ག་འདྲིས།།
- སང་ན་ལོ་ད་ཚད་བཟླས་དུས།།
- ཁྲ་ཤིག་གེ་འཁོར་ཆུང་མ་བཟུང་ན།།
- ང་ཆུང་འདྲིས་རོགས་ལོ་མིན་རྟགས་ཡིན།།