30 Dec 2016
27 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁུས་ཡག་གི་ཁུས་ལུང་བར་མ་ན།།
- བྱ་ཡག་གི་བཟེས་ཡས་བྱ་བརྒྱས་བསྐོར།།
- བྱ་མི་དགའ་གཤོག་མཐུན་རེ་རེ་ཡོད།།
- དི་མིན་པས་བསྐོར་ན་དོན་མེད་ཡིན།།
- འབྲི་ཡག་གི་གཙང་ཐིའུ་ཞོས་མོ་ཚོ།།
- འབྲི་ཡག་གི་བཟེས་ཡས་མཛོ་བརྒྱས་བསྐོར།།
- འབྲི་མི་དགའ་རྡང་མཐུན་རེ་རེ་ཡོད།།
- དི་མིན་པས་བསྐོར་ན་དོན་མེད་ཡིན།།
- ཁུས་ཡག་གི་ཁུས་ལུང་འགབ་མ་ན།།
- སྨ་ཞིས་མོ་བྱུར་དམར་རྣ་ཚར་ཅན།།
- སྨ་ཡག་གི་བཟེས་ཡས་རོགས་བརྒྱས་བསྐོར།།
- སྨ་མི་དགའ་ཞེ་མཐུན་རེ་རེ་ཡོད།།
- དི་མིན་པས་བསྐོར་ན་དོན་མེད་ཡིན།།