05 Jan 2017
2 min 44 sec
Audio Overview
Creators:
Gangsol Folk Culture Preservation Project
- བསོད་ནམས་ཟད་པའི་བུ་རྒྱུད་ལ། ཁ་ཏ་བྱས་དང་མ་བྱས་མེད།
- ཡ་བཟླས་ན་ཡིད་ད་འཛིན་དགོས། སྒུག་བཟླས་ན་ཕྱིར་ར་ལྟ་དགོས།
- མ་རིག་མ་ཤེས་མ་ཚོར་གསུམ། འཇིག་རྟེན་ཁམས་ཀྱི་གཙང་གསུམ་ཡིན།
- སྐྱིད་ཐག་རིང་བའི་ཐབས་དང་སྡུག་ཐག་ཐུང་བའི་བློ་ལ་འབད་དགོས།
- མི་རྒྱུར་ཧམ་པ་མ་ཆེ། རང་རྒྱུར་སེར་སྣ་མ་ཆེ།
- དགྲ་ཁ་ཤོམ་ཆེ་ན་འགྲིག་འདོད་ཡིན། འབྲུག་འུར་སྒྲ་ཆེ་ན་ཐང་འདོད།
- དཔོན་བཙན་ན་རུ་སྡེ་འཐོར། བོའུ་འཕང་ན་རི་དྭགས་ཞོགས།
- མྱི་གྲགས་དུས་སྡོད། རྟ་གྲགས་དུས་ཚོང༌།
- མགོའི་རྣ་ལུང་དེ་ཚེ་གཅིག་གི་བདག་པོ། ལྟོ་ཕོ་བ་དེ་ཉིན་གཅིག་གི་བདག་པོ།
- འདྲ་ཐང་བཤད་ན་མྱི་མི་དགའ༌། དབྱུག་པ་འཕྱར་ན་ཁྱི་མི་དགའ༌།
- མཛུབ་མོ་གཅིག་གིས་ལྗི་བ་བཅུ་མི་ནོན།
- བུ་གསོ་ན་སྡེ་བའི་དཀྱིལ་ནས་གསོ། ཁྱི་གསོ་ན་ལུངཔའི་ཕུག་ནས་གསོ།
- ངན་པས་དཔོན་བྱེད་པ་བས། བཟང་པོའི་གཡོག་བྱེད་པ་དགའ༌།
- འབད་པ་རི་རབ་ཙམ་བྱས་པ་ལས། བསོད་ནམས་མེ་སྟག་ཙམ་བསགས་པ་དགའ།
- ལ་རེ་ཐུར་རེ་མ་བརྒྱབ་ན། བདེ་མོའི་ཐང་ལ་བབ་མི་ཐུབ།
- སེར་སྣ་ཅན་གྱིས་བསགས་པ་དེ། ཧམ་པ་ཅན་གྱིས་ཟ་བ་མང༌།
- ལུས་ལ་རྒྱན་ཆ་ལས། བློ་ལ་ཐོས་པ་དགའ༌།
- སྔ་ཚིག་དེ་མང་ན་དགའ༌། ཕྱི་ཚིག་དེ་ཉུང་ན་དགའ༌།
- བྱིའུ་འཇོར་མོ་ཉལ་ས་ཚེར་དཀྱིལ་ཡིན། འདུག་ཤེས་ན་ཚེར་དཀྱིལ་བལ་བས་འཇམ།
- སྐབས་སུ་བབས་པའི་གཏམ་དུ་ཉུང་ན་མཛའ༌། དུས་སུ་བབས་པའི་ཆར་དེ་མོད་ལ་བཟང༌།
- མི་ལ་འཕྱ་གསུམ་འཕྱ་བ་ལས། རང་ལ་འཛོམ་གསུམ་འཛོམ་པ་དགོས།
- དགྲ་ལག་འོག་ཏུ་ཚུད་ན་བུ་བས་བྱམས་དགོས།
- ཕ་ཡུལ་བརྗེད་ན་ཕ་སྐད་མ་བརྗེད།
- སྐྱེས་པའི་བུ་ལ་ཡོན་ཏན་དང༌། གསོས་པའི་རྟ་ལ་གོམ་པ་དགོས།
- ཕྱི་རྫིག་ནིའི་རག་ག་ནང་སྣུམ་ནིའི་དགའ༌། བ་བཤས་ནིའི་རག་ག་བཞོས་པ་དགའ༌།
- ཁ་མི་ཎི། ལག་འཁོར་ལོ།
- ཟས་ལ་ངོ་ཡོད་པས་མི་ལ་སྦྱིན། ནོར་ལ་དགྲ་ཡོད་པས་ཕུགས་སུ་སྦོས།
- མྱི་ཆེ་བོའི་ཁོག་རྒྱ་ཡངས་དགོས། རྟ་རྒོད་པོའི་ཁ་མདའ་རིང་དགོས།
- རང་ལུས་ལ་སྒྲིབ་པ་མེད་ན། བར་དོར་འཇིགས་སྐྲག་དགོས་དོན་མེད།
- རང་སེམས་དཀར་པོར་ལྷད་སྐྱོན་མེད་ན། ཡི་དམ་ལྷ་ཡིས་བཀའ་ཆད་ཡོང་དོན་མེད།
- ཟས་ཞིམ་པོ་ཉི་མ་གཅིག་རེད། གཏམ་ངན་པ་བསྐལ་པ་སྟོངརེད།
- སྐྱེ་ཡག་མ་ལ་སྐྱོན་ཟིག་དང་ཁ་ཡག་མ་ལ་ལྷད་ཟིག་ཡོད།
- མི་སྐྱོན་དེ་བཤད་དགོས། ཤིང་སྐྱོན་དེ་གཞོགས་དགོས།
- དགྲ་ནག་པོའི་སྦྲང་རྩི་ཟ་བ་ལས། གྲོགས་བཟང་བོའི་ཆུ་འཁྱགས་འཐུང་ན་དགའ༌།
- ཁ་རྗེ་ཁ་ཕོར་གཉིས་དེ་ཆེ་དགོས། དབང་ཐང་སྲབ་མདའ་གཉིས་དེ་རིང་དགོས།
- རི་རབ་རྒྱ་མཚོ་དཔོན་པོ་གསུམ། གཡོ་འགུལ་མེད་དེ་བརྟན་ན་དགའ།
- གཏམ་དང་འདུན་མ་མདའ་མོ་གསུམ། ཡོ་འཆུག་མེད་དེ་དྲང་ན་དགའ།
- དགྲ་མེ་སྟག་གཉིས་ཀ་ཆུང་དུས་སོད།
- རྟོགས་པ་ལྷ་དང་མཉམ་རུང༌། སྤྱོད་པ་མི་དང་མཐུན་དགོས། །