03 Jan 2017
1 min 11 sec
Audio Overview
Creators:
Gangsol Folk Culture Preservation Project
- བརྩོན་འགྲུས་ཅན་གྱིས་ལས་ཀ་བསམ། ལེ་ལོ་ཅན་གྱིས་ཟ་འཐུང་བསམ།
- ཤེས་པ་ཁ་ནས་མ་ལབ་ན། བློ་གྲོས་ཁོག་པའི་ནང་དུ་རུལ།
- བཤད་མཁས་པས་སྒྲིབ་པ་མི་དག ངུ་མཁས་པས་སྡུག་བསྔལ་མི་སེལ།
- མཁས་པས་ཤེས་ཡོན་ནོར་ལ་བརྩི། གླེན་པས་གསེར་དངུལ་ནོར་ལ་བརྩི།
- མཁས་པར་བློ་གསལ། རྣོན་པོར་སོ་ཕྱུང༌།
- མིག་ཅན་ཡིན་ན་སྔོན་རིག་དགོས། མཁས་པ་ཡིན་ན་རྗེས་རིག་དགོས།
- གངས་དཀར་སེམས་མ་གསལ་བཏབ་ནི་ཡིན། སེར་བོ་གསེར་ར་མདངས་བྱིས་ནི་ཡིན།
- ཁ་མཁས་ན་ཀུན་གྱི་དཔོན་པོ། ལག་མཁས་ན་ཀུན་གྱི་གཡོག་པོ།
- མཁས་པས་ནོར་ཉིན། སྐྱེན་པོས་ཤོར་ཉིན།
- ཁ་མཁས་པ་རྫ་བྱིའུ་གཤོག་པ། དོན་མི་མཁས་བྱིའུ་ཕྲུག་ལད་མོ།
- དཔྱད་པ་སྔོན་ནས་བཏང་ན་མཁས་པ་ཡིན། འགྱོད་པ་རྗེས་ནས་སྐྱེས་ན་གླེན་པ་ཡིན།
- མཁས་པས་ནོར་ན་འདོམ་གང་། བླུན་པོས་ནོར་ན་མཐོ་གང་།
- མཁས་པས་ནོར་ནའང་ནོར་ནི་ཡིན། སྐྱེན་པོས་ཤོར་ནའང་ཤོར་ནི་ཡིན།
- རྒྱལ་པོ་རང་ཡུལ་ལ་ཆེ། མཁས་པ་འཇིག་རྟེན་ལ་ཆེ།
- བླུན་པོ་ལ་བཟང་བསྟོད་བྱས་ན་དགའ༌། མཁས་པ་ལ་སྐྱོན་བརྗོད་བྱས་ན་དགའ།
- ཞུ་མ་ཤེས་མཁན་གྱི་ཞུ་བ་ལས། ཐུགས་དགོངས་པ་ཅན་གྱིས་དགོངས་ན་དགའ།