04 Jan 2017
1 min 6 sec
Audio Overview
Creators:
Gangsol Folk Culture Preservation Project
- བརྒྱད་ཅུའི་གྲལ་ནས་རྩྭ་ཟ། དགུ་བཅུའི་གྲལ་ནས་ཆུ་འཐུང༌།
- ཞྭ་བླངས་ནས་མཐོ་སར་བཞག རྡོ་བླངས་ནས་དམའ་སར་བཞག
- མགོ་ཐོག་གི་བུམ་པ། ལྕེ་ཐོག་གི་བདུད་རྩི།
- གལ་ཆེ་ན་རྒྱ་དབུས་ཉིན་སྐོར། གག་ཆེ་ན་འབུམ་ཆུང་མཚན་འདོན།
- གར་གྲགས་ས་ན་འབྲུག་གྲགས་གྲགས། གར་འཕང་ས་ན་ཐོག་གིས་གཏོར་གཏོར།
- རྒྱོབས་ཟེར་ན་ཨ་བའི་མགོ། རྒྱུག་ཟེར་ན་དམྱལ་བའི་འཕྲེང་།
- བརྐྱངས་ན་མདའ་ཉན་པ། བཀུག་ན་གཞུ་ཉན་པ།
- ཨ་བས་སྔོན་གྱི་ཨ། སུ་བས་སྔོན་དུ་ཡ།
- མ་མཐོ་བར་དུ་རྩིགས། མ་སྦོམ་བར་དུ་སྐྱི།
- རྩི་ཟ་ཟ། སྨན་འཐུང་འཐུང༌།
- ག་གྱིས་བཟླས་ན་གུག་གེ། འདི་གྱིས་བཟླས་ན་འདར་རེ་མ་བརྒྱུགས་བསམ་མེད།
- འགྲོ་ཤེས་ཝ་མོ་ཞིམ་ཞིམ། འདུག་ཤེས་རི་བོང་ཙོག་ཙོག
- ལུས་སྒུར་སྒུར་ཕྱག་གི་རང་བཞིན། ལག་བཀྱགས་བཀྱགས་ཐལ་མོའི་རང་བཞིན།
- བཀའ་དང་ལེན་འོ་མའི་མར་ལོ་ལེན་ལེན། གསུང་དང་ལེན་བདུད་རྩི་དངོས་གྲུབ་ལེན་ལེན།
- བཀའ་གསུངས་རྡོ་རྗེའི་མདུད་པ་རང་ཞིག་གི་འཇུག་མ་ཕོད་ནི་ཡིན།
- ཞལ་གསུང་ཤེལ་དཀར་མེ་ལོང་རང་འཆག་གི་འགྲོ་འི་འཇུག་མ་ཕོད་ནི་ཡིན།
- བརྒྱ་གཡོག་མ་བྱས་ན། སྟོང་གི་དཔོན་པོ་མི་ཉན།