05 Jan 2017
1 min 30 sec
Audio Overview
Creators:
Gangsol Folk Culture Preservation Project
- བདེན་པའི་དཔང་བོ། བར་གྱི་མི། མཚམས་ཀྱི་རྡོ།
- རིང་པོ་རྣ་ཡིས་ཚོར་ནི། ཐུང་ཐུང་མིག་གིས་རིག་ནི།
- ཁ་ཆུ་ཡིས་མ་བཤལ། ལག་དར་གྱིས་མ་ཕྱེས་ཡིན་ན།
- ས་རྟགས་ཀི་གད་པ་ཁ་ཤོབདེན་རྟགས་ཀྱི་ཕ་བོང་གྲུ་བཞི།
- སྔ་དྲོ་རག་དཀར་རྒྱུག་གི་རྗེས། ཕྱི་དྲོ་ཤིང་རྟ་དྲུད་གི་ཧྲོས།
- མི་ངོ་དམར་ཅོག་འེ། ཁ་རླངས་སྐྱ་ཤ་རེ།
- ཚིག་རིན་ཆེན་གྱི་རིལ་བ་འདྲ་འདྲ། འཐུང་བཞག་ན་གྲོལ་འགྲོ་སྤྱད་དང་།
- རྒྱ་མདའ་ཞོ་བཞི་མ་འདྲ་འདྲ། འཕང་བཞག་ན་བསྒྲལ་འཇོག་སྤྱད།
- རྟ་རྒྱ་ར་ཁུས་འི་བུད་ནི་དང༌། དུང་དཀར་མོ་འདམ་ནས་ཕྱུང་ནི་འདྲ།
- ཡར་ཞུ་དཔོན་ལ་ཐང་ཡོད། མདའ་སྐྱ་སྤང་ལ་ཟུག་ཡོད།
- རྫ་ཁྲ་ཡག་དཀྱིལ་གྱི་ལམ་ཞིག་སྟོན་དགོས། འབྲོང་བྲེ་མ་ཤི་བའི་རོ་ཞིག་སྟོན་དགོས།
- བདག་པོ་རང་རྒྱུའི་སྟེང༌། མཛོ་མོ་རྟོལ་རོའི་སྟེང༌།
- བྲིས་པའི་ཡི་གེ་དེ་ནག་ཤར་རེ། བརྒྱད་པའི་ཐིག་ཚེ་དེ་དམར་སྒོར་རེ།
- ཨ་སེར་ཚིག་གི་བཞག་འཇོག་དེ། ལས་མ་ཉན་ཉིན་གླེངས་རྒྱུ།
- ས་ནག་གད་པའི་རྟགས་འཇོག་དི། ལམ་ནོར་གི་ཉིན་པར་ལྟ་ས།
- རྭ་ཆ་གཉིས་འཆད་ས། རྐང་གཟུགས་བཞི་བསྒོར་ས།
- ནག་གོར་རེ་བཏགས་ས། དམར་ཐར་རེ་བཤའ་ས།
- ཕ་ཨ་མའི་ཀླད་སྒོག་འཇོག་ས། ཆུང་ཨ་ལིའི་ལྟེ་ཁྲག་འཕོ་ས།
- ཉིན་མོ་མིག་གིས་རིག་ནི། མཚན་མོ་ལག་པས་བཟུང་ནི།