21 Dec 2016
1 min 9 sec
Audio Overview
Creators:
Gangsol Folk Culture Preservation Project
- བན་སེར་ཆུང་དབུས་ལ་འགྲོ་ནི་ཚོ།།
- ཆོས་ཀུན་རིག་ཉམས་རྒྱུས་ལེན་ཡག་བྱོས།།
- ཆོས་ཀུན་རིག་ཉམས་རྒྱུས་མ་ལོན་ན།།
- ཁྲ་ཤིག་ཤིག་གདོང་གྲྭ་བསྒྲིག་གི་ཉིན།།
- སྔུན་དེ་ན་རྒྱ་ཤོག་དྲིལ་མ་ཞིག།
- ལག་འདི་ནི་དྲིལ་བུ་གྲགས་མེད་ཅིག།
- ཟུར་དེ་ན་བླ་ལོ་ཁྲི་ནོན་ཅན།།
- བློ་འདྲི་རྒྱུ་ཡོད་ད་འདྲི་ཆེས་(ཚུལ་)མེད།།
- བློ་དྲིས་ནིའི་རག་ག་ཤི་ནིས་དགའ།།
- སྐྱེས་ཤར་ལི་ཇག་ག་འགྲོ་ནི་ཚོ།།
- བོས་ཁྲ་རིང་ཉམས་རྒྱུས་ལེན་ཡག་བྱོས།།
- བོས་ཁྲ་རིང་ཉམས་རྒྱུས་མ་ལོན་ན།།
- དགྲ་ནག་པོར་ཡ་ཡོ་བསྒོ་ཉིན་མོ།།།
- སྔུན་དེ་ནི་དགྲ་བོ་ངོ་ནག་ཞིག།
- ལག་འདི་ན་ཁྲ་རིང་གྲགས་མེད་ཅིག།
- ཟུར་དེ་ན་དཔོན་ལོ་ཟུར་ནོན་ཅན།།
- བློ་འདྲི་རྒྱུ་ཡོད་ད་འདྲི་ཆེས་མེད།།
- བློ་དྲིས་ནིའི་རག་ག་ཤི་ནིས་དགའ།།
- སྨན་བུ་མོ་གནས་ཡ་འགྲོ་ནི་ཚོ།།
- གཞི་འཁོར་བའི་ཉམས་རྒྱུས་ལེན་ཡག་བྱོས།།
- གཞི་འཁོར་བའི་ཉམས་རྒྱུས་མ་ལོན་ན།།
- ཁྲ་ཤིག་ཤིག་གནས་ཡ་འགྲོ་འི་ཉིན།།
- སྔུན་དེ་ན་ཁྲོ་ཆུ་ཁོལ་མེད་ཅིག།
- ལག་འདི་ན་ཁོལ་མོ་དབུགས་མེད་ཅིག།
- ཟུར་དེ་ན་ཨ་ནེ་ཟུར་ནོན་ཅན།།
- བློ་འདྲི་རྒྱུ་ཡོད་ད་འདྲི་ཆེས་(ཚུལ་)མེད།།
- བློ་དྲིས་ནིའི་རག་ག་ཤི་ནིས་དགའ།།