30 Dec 2016
20 sec
Audio Overview
Creators:
Gangsol Folk Culture Preservation Project
- བན་ཆུང་ཆུང་དབུས་ཡ་འགྱོ་ནི་ཚོ།།
- ནམ་ཡར་ལང་ཁྲི་ཐོག་བླ་མར་ལྟོས།།
- ལྷ་བླ་མ་དབུས་ཡ་འགྱོ་རོགས་མིན།།
- དྲེལ་སྨུག་ཆུང་དབུས་ཡ་འགྱོ་རོགས་རེད།།
- སྐྱེ་ཤར་ལོ་ཇག་འ་འགྱོ་ནི་ཚོ།།
- ནམ་ཡར་ལང་གོང་ཞེས་དཔོན་ལ་ལྟོས།།
- གོང་དཔོན་ལོ་ཇག་འ་འགྱོ་རོགས་མིན།།
- རྟ་མདོ་བ་ཇག་འ་འགྱོ་རོགས་རེད།།
- སྨ་བུ་མོ་གནས་ཡ་འགྱོ་ནི་ཚོ།།
- ནམ་ཡར་ལང་དྲིན་ཆེན་མ་ལོ་ལྟོས།།
- དྲིན་མ་ལོ་གནས་ཡ་འགྱོ་རོགས་མིན།།
- འབྲི་ཐིའུ་མ་གནས་ཡ་འགྱོ་རོགས་རེད།།