04 Jan 2017
1 min 9 sec
Audio Overview
Creators:
Gangsol Folk Culture Preservation Project
- ངོ་ཚ་ཞབས་འདྲེན།
- སྐལ་ནང་ན་མེད་ནི། བགོས་ནང་ལ་ལྕབས་ནས།
- ཕ་རྒས་ན་ལུག་རྫི། མ་རྒས་ན་བུ་རྫི།
- མགོ་བང་ལ་བཞག་ན། མཆེ་བ་གློ་ཁུང་ནང་ནས་ཕུད།
- སྐྱག་ན་ཚིག་ཤོར། བརྒྱགས་ན་གཡག་ཤོར།
- ཐང་བདེ་དུས་ཨ་ལ་ཐ་ལ། འགག་ཐུག་དུས་ཨོ་རྒྱན་པད་མ།
- སྐལ་མེད་སར་སྐེ་བསྲིང་།
- བརྒྱ་སྡེའི་ཁ་ལ་བབས། སྟོང་སྡེའི་མིག་ལ་བབས།
- བདག་པོ་བ་ཉལ་ཉལ། དོན་མེད་ཁྱི་ཟུག་ཟུག
- རོགས་གསར་པ་ཡོད་དུས་རྙིང་པ་བོར། གཡུ་བྱུ་རུ་ཡོད་དུས་སྤོས་ཤེལ་བོར།
- མི་ངན་མིང་ཆེ་ན་འབོད་པ་ངོ་ཚ།
- མྱི་རབས་ཟད་ཀྱང་དཔེ་རབས་མི་ཟད།
- སྐྱེ་ནི་མྱིས་མ་གོ། རྒས་ནི་རང་གིས་མི་གོ།
- འབག་མགོ་ཕར་ལ་གཡར་ན། འཇིགས་རྔམས་ཚུར་ལ་བསྟན།
- ཁ་གང་སྣོད་ན་མེད་ནིས། ཁ་དོ་ཨོང་གོར་བསྣར།
- རྟ་མེད་པར་རྟ་མཆུ་ཕྲ་རབས་བཤད།
- ནད་པ་དྲག་དུས་སྨན་པ་བརྗེད། ལ་འགོར་བུད་དུས་འདོ་བ་བརྗེད།
- མི་སྔོན་ཐད་ཚོད། སྡེ་སྔོན་རི་མོ།
- མི་ངོ་ཚ་མེད་ན་ཁྱི། ཁྱི་རྔ་མ་མེད་ན་འདྲེ།
- ཕྱི་སྡེ་སྔོན། ནང་བཟའ་སྔོན།
- རྩམ་པ་རང་གིས་ཟོས་ནས། རྩམ་ཁུག་མྱི་མགོར་བསྐོན།
- བཟོ་བ་ལ་ལྷམ་མེད། མགར་བ་ལ་གྲི་མེད།
- མགོ་མི་ཚུད་སར་ལུས་བཙངས།