21 Dec 2016
1 min 4 sec
Audio Overview
Creators:
Gangsol Folk Culture Preservation Project
- ཕ་རུའི་རི་དེ་གསེར་གི་རི།།
- སུ་རུའི་རི་དེ་གསེར་གི་རི།།
- གསེར་རི་གཉིས་གྱི་འདུས་མདོ་ན།།
- གསེར་ཆུ་ཟིག་གིས་འཁྱ་མ་འཁྱིས།།
- གསེར་ཟམ་ཟིག་གིས་ལྡ་མ་ལྡེམ།།
- བན་ཆོས་ཡོད་ཕ་རུའི་འབུད་ས་རེད།།
- བན་ཆོས་མེད་སུ་རུའི་ལུས་ས་རེད།།
- ཆོས་ཡོད་མེད་ཤན་དྭངས་ཤན་འབྱེད་ས་ཕྱེ་ས་རེད།།
- ཕ་རུའི་རི་དེ་དངུལ་གི་རི།།
- སུ་རུའི་རི་དེ་དངུལ་གི་རི།།
- དངུལ་རི་གཉིས་གྱི་འདུས་མདོ་ན།།
- དངུལ་ཆུ་ཟིག་གིས་འཁྱ་མ་འཁྱིས།།
- དངུལ་ཟམ་ཟིག་གིས་ལྡ་མ་ལྡེམ།།
- བུ་དཔའ་ཡོད་ཕ་རུའི་འབུད་ས་རེད།།
- བུ་དཔའ་མེད་སུ་རུའི་ལུས་ས་རེད།།
- དཔའ་ཡོད་མེད་ཤན་དྭངས་ཕྱེ་ས་རེད།།
- ཕ་རུའི་རི་དེ་དུང་གི་རི།།
- སུ་རུའི་རི་དེ་དུང་གི་རི།།
- དུང་རི་གཉིས་གྱི་འདུས་མདོ་ན།།
- དུང་ཆུ་ཟིག་གིས་འཁྱ་མ་འཁྱིས།།
- དུང་ཟམ་ཟིག་གིས་ལྡ་མ་ལྡེམ།།
- སྨན་གནས་ཡོད་ཕ་རུའི་འབུད་ས་རེད།།
- སྨན་གནས་མེད་སུ་རུའི་ལུས་ས་རེད།།
- གནས་ཡོད་མེད་ཤན་དྭངས་ཕྱེ་ས་རེད།།