05 Jan 2017
1 min 6 sec
Audio Overview
Creators:
Gangsol Folk Culture Preservation Project
- གྱོད་དང་ཁ་མཆུ།
- ཕ་གྱོད་རྙིང་པ། བུ་གྱོད་གསར་པ།
- གྱོད་བཤད་སྤྱད་ཀྱི་ཚིག རྒྱུ་མ་ལྡུག་སྤྱད་ཀྱི་ཁྲག
- མགོ་རིལ་རིལ་གྱོད་ཀྱི་ཐབ་རྡོ། ལྕེ་དམར་ཆུང་གྱོད་ཀྱི་འཕྲིན་པ།
- གྱོད་ཚ་ཡོན། རྟ་རྔོག་ཡོན།
- གཅོད་པ་ལངས་ཤུལ་ལ་འདྲེ་མེད་རྒྱུ་དང་རྒན་པོ་ལངས་ཤུལ་ལ་གྱོད་མེད་རྒྱུ་ཞིག་བྱེད་དགོས།
- ཚོད་ཟིན་པ་གྱོད་གི་དགའ་མེད། མ་ཟིན་པ་ནད་གི་སྡུག་མེད།
- གྱོད་འགོ་རི་བས་ལྗིད། གྱོད་རྔ་ཆུ་བས་རིང༌།
- ལམ་གྱི་མི་བདེ་སྔོན། གྱོད་ཀྱི་མི་བདེ་མཇུག
- གྱོད་བཤད་ན་ལན་དང་མ་ལན། སྒོམ་བརྒྱབ་ན་འཁྲུལ་དང་མ་འཁྲུལ།
- གྱོད་ཡར་བཅད་ཀྱི་ལོ་མ་སྔོན་པོ་ས་སྟེང་ན་ཡོད་རྒྱུ་དང་མར་བཅད་ཀྱི་ར་ལེ་དཀར་པོ་དེ་ས་འོག་ན་ཡོད་རྒྱུ།
- ཤྭ་ཐད་ན་ཐོན་དུས་མདའ་དགོས། གྱོད་ཐད་ན་ཐོན་དུས་ཚིག་དགོས།
- གྱོད་གྱིས་མི་དོ་ཚིགཚིག་གིས་མི་དོ་ཡོག
- གྱོད་པས་འདོད། གཟུ་བས་ལམ།
- ཁྱོད་ཁོག་སྟོད་རྒན་པོའི་གྲབས། ཁོག་སྨད་གྱོད་པའི་གྲབས།
- གྱོད་པ་བཟང་ན་གཟི་བའི་སྙིང་མིག་ཡིན།
- ངོ་ནག་གྱོད་པ་ཚིག་གིས་ཐུབ་དགོས། ལྕགས་ནག་སྲ་མོ་ཐོ་བས་རྡུང་དགོས།