Skip to main content Skip to search
28 Aug 2012
1 min 23 sec
Audio Overview
Creators: 
Unknown

ཨ་ཐང་ལི་ཐང་གོང་མ་ན། བཅར་འདྲི་བྱེད་ཡུལ་གྱི་མི། བསོད་ནམས་འཚོ། ལོ་ཚོད།༦༨ མོ ཕ་ཡུལ།དོ་ཁོག་ཞང་སྐེད་ཨ་རྒྱུད་ནང་་བ། དུས་ཚོད།༢༠༡༡ལོའི་ཟླ་༨པའི་ཚེས་༥། བཅར་འདྲི་བྱེད་མཁན།སངས་རྒྱས་རྒྱ་མཚོ ༡ ཨ་ཐང་ལི་ཐང་གོང་མ་ན། རྒྱེའུ་རྒྱ་མོས་རྟེའུ་གསུམ་ཁྲིད། རྟ་དཀར་པོ་དུང་མདོག་དབུས་ལ་ཁྲིད། སྟོད་དབུས་གཙང་བླ་མའི་བཅིབས་པ་རེད། རྟ་ནག་པོ་ཆུ་མདོག་རྒྱ་ནག་ཏུ་ཁྲིད། སྨད་རྒྱ་ནག་གོང་མའི་ཚོང་རྟ་རེད། རྟ་མགོ་རྣ་ཅན་པོ་ཁྱིམ་ནས་བཟུང་། འཛམ་གླིང་རྟ་རྒྱུད་དེ་ནས་དར། ༢ ཨ་ཐང་ལི་ཐང་བར་མ་ན། འབྲི་ཐུའུ་མས་བེའུ་གསུམ་ཁྲིད། བེའུ་དཀར་པོ་དུང་མདོག་དབུས་ལ་ཁྲིད། སྟོད་དབུས་གཙང་བླ་མའི་སྒར་མཛོ་རེད། མཛོ་ནག་པོ་སྨད་རྒྱ་ནག་ཏུ་ཁྲིད། སྨད་རྒྱ་ནག་གོང་མའི་ཚོང་མཛོ་རེད། མཛོ་ར་ཁ་ཅན་པོ་ཁྱིམ་ནས་བཟུང་། འཛམ་གླིང་མཛོ་རྒྱུད་དེ་ནས་དར། ༣ ཨ་ཐང་ལི་ཐང་ཞོལ་མ་ན། མོ་ཨག་གསར་ཅན་མས་བུ་གསུམ་ཁྲིད། བུ་ཆོས་རྒྱུད་ཅན་པོ་དབུས་ལ་ཁྲིད། སྟོད་དབུས་གཙང་བླ་མའི་ཁྲི་བ་རེད། བུ་བློ་རིག་ཅན་པོ་སྨད་ལ་སོང་། སྨད་རྒྱ་ནག་གོང་མའི་ཚོང་དཔོན་རེད། བུ་རྒྱུད་པ་ཅན་པོ་ཡུལ་ནས་བཟུང་། འཛམ་གླིང་མི་རྒྱུད་དེ་ནས་དར།