Skip to main content Skip to search
28 Aug 2012
1 min 53 sec
Audio Overview
Creators: 
Unknown

འདུ་ཁང་ཆེན་མོའི་ཁྱམས་ར་ན། བཅར་འདྲི་བྱེད་ཡུལ་གྱི་མི། སངས་རྒྱས་འཚོ། ལོ་ཚོད།༧༢ མོ ཕ་ཡུལ། མདོ་ཁོག་ཞང་བྱ་འོག་སྡེ་བ། དུས་ཚོད། ༢༠༡༡ལོའི་ཟླ་༨པའི་ཚེས་༥། བཅར་འདྲི་བྱེད་མཁན། རྡོ་རྗེ་རིན་ཆེན། ༡ འདུ་ཁང་ཆེན་མོའི་ཁྱམས་ར་ན། དགེ་ཚུལ་སློང་གཉིས་ཀྱིས་ཆོས་རྕོད་བྱེད། ཁ་འདོན་རྟ་ཅན་པོའ་ཁོ་བཟང་ཟེར། དོན་གོ་བ་ཅན་པོས་ཁོ་བཟང་། ཁ་འདོན་རྟ་ཡོད་དུས་མེད་རེད། དོན་གོ་བ་ཅན་པོ་ངོ་མ་རེད། ༢ ལུས་༼༽མངའ་འོག་ན། ཕོ་སྐྱེས་བ་གཉིས་ཀྱིས་དཔའ་ཚོད་འགྲན། བོའུ་ཆ་རིང་ཅན་གྱིས་ཁོ་བཟང་ཟེར། དཔའ་དཔུང་བ་ཅན་གྱིས་ཁོ་བཟང་། བོའུ་ཆ་རིང་ཡོད་དུས་མེད་དུས་རེད། དཔའ་དཔུང་ཅན་པོ་ངོ་མ་རེད། ༣ ཐབ་ཀ་གྲི་བཞིའི་མངས་འོ་ཝག་ན། མོ་ཨག་གསར་གཉིས་ཀྱིས་ལས་ཀ་ལས། ཁ་ངོ་གདོང་ཅན་གྱིས་ཁོ་བཟང་ཟེར། ལག་ལས་ཀ་ཅན་གྱིས་ཁོ་བཟང་ཟེར། ཁ་ངོ་གདོང་ལོ་གཅིག་ལོ་གཉིས་རེད། ལག་ལས་ཀ་ཅན་པོ་ངོ་མ་རེད།