Skip to main content Skip to search
27 Aug 2012
2 min 14 sec
Audio Overview
Creators: 
Unknown

དགུང་ཨ་སྔོན་སྐུ་མདོག་སྔོན་པོ་རེད། བཅར་འདྲི་བྱེད་ཡུལ་གྱི་མི། ཚེ་རེང་དོན་འགྲུབ། ལོ་ཚོད།༦༡ ཕོ། ཕ་ཡུལ།མདོ་ཁོག་ཞང་མར་རྩ་སྡེ་བ། དུས་ཚོད།༢༠༡༡ལོའི་ཟླ་༨པའི་ཚེས་༡། བཅར་འདྲི་བྱེད་མཁན།ཚེ་དབང་དོན་འགྲུབ། ༡ དགུང་ཨ་སྔོན་སྐུ་མདོག་སྔོན་པོ་རེད། དེའི་བར་གྱི་སྤྲིན་མདོག་དཀར་པོ་རེད། ཤར་གྱི་ཉི་མ་སེར་པོ་རེད། དེ་གསུམ་མཐུན་རྒྱུ་དཀའ་མོ་རེད། དགོང་ཨ་སྔོན་བཀུར་ན་རང་མཐུན་རེད། མཐུན་དགོས་བ་མེད་ཀྱང་སྔོན་ལས་རེད། ༢ འབྲི་ཐུའུ་མའི་སྤུ་མདོག་ནག་པོ་རེད། དེ་བཞོ་ཡི་འོ་མ་དཀར་པོ་རེད། བཤིག་གི་འབྲི་མར་སེར་པོ་རེད། དེ་གསུམ་མཐུན་རྒྱུ་དཀའ་མོ་རེད། འབྲི་ཐུའུ་མ་བཀུར་ན་རང་མཐུན་རེད། མཐུན་དགོས་བ་མེད་ཀྱང་སྔོན་ལས་རེད། ནོར་རྒྱའི་བུམ་པ་དཀར་པོ་རེད། རྨ་བྱའི་སྒྲོ་མདོག་ལྗང་ཁུ་རེད། ཁ་མཆུ་གུར་ཀུམ་སེར་པོ་རེད། དེ་གསུམ་མཐུན་རྒྱུ་དཀའ་མོ་རེད། གོང་བླ་མའི་ཕྱག་ན་རང་མཐུན་རེད། ཐུན་དགོས་བ་མེད་ཀྱང་སྔོན་ལས་རེད།