Skip to main content Skip to search
27 Aug 2012
1 min 26 sec
Audio Overview
Creators: 
Unknown

གོང་བླ་མའི་མགོ་ཡི་དབུ་ཞྭ་དེ་སུ་གང་གིས་སྦྱིན་པ་མ་རེད། བཅར་འདྲི་བྱེད་ཡུལ་གྱི་མི། པད་མ་འཚོ། ལོ་ཚོད།༦༥ མོ། ཕ་ཡུལ།མདོ་ཁོག་ཞང་དཔལ་རྩེད་ཐང་། དུས་ཚོད།༢༠༡༡ལོའི་ཟླ་༨པའི་ཚེས་༤། བཅར་འདྲི་བྱེད་མཁན།རྡོ་རྗེ་་རིན་ཆེན། ༡ གོང་བླ་མའི་མགོ་ཡི་དབུ་ཞྭ་དེ་སུ་གང་གིས་སྦྱིན་པ་མ་རེད། དེ་ལྷ་ཆེན་ཚངས་གནང་བ་རེད། ༢ ཕོ་སྐྱེས་བའི་སྐེད་པའི་གྲི་ཐུང་དེ་སུ་གང་གིས་སྦྱིན་པ་མ་རེད། དེ་སེང་ཆེན་རྒྱལ་པོས་གནང་བ་རེད། ༣ སྨད་བུ་མོའི་མགོ་ཡི་འདོགས་ཆ་དེ་སུ་གང་གིས་སྦྱིན་པ་མ་རེད། ཀླུ་རྒྱལ་འབྲི་མོས་གནང་ནི་རེད།