Skip to main content Skip to search
27 Aug 2012
1 min 6 sec
Audio Overview
Creators: 
Unknown

ཁྱེད་ནི་གསེར་གྱི་འཁོར་ལོ། བཅར་འདྲི་བྱེད་ཡུལ་གྱི་མི། ལྷ་མོགདོན་འགྲུབ། ལོ་ཚོད། ༨༩ ཕོ། ཕ་ཡུལ། ཉིན་པ་ཞང་ཉིན་པ་སྡེ་བ། དུས་ཚོད། ༢༠༡༡ལོའི་ཟླ་༧པའི་ཚེས་༢༥། བཅར་འདྲི་བྱེད་མཁན། ཆོས་སྐྱོང་བཀྲ་ཤིས། ༡ ཁྱེད་ནི་གསེར་གྱི་འཁོར་ལོ་། ང་ནི་རི་དྭགས་ཕོ་མོ་། ཉ་གསེར་གྱི་འཁོར་ལོ་མེད་ན། རི་དྭགས་འཁོར་ས་མེད་ཀི། ༢ ཁྱེད་ནི་དུང་དཀར་གཡས་འཁྱིལ། ང་ནི་དར་ཚོན་སྣ་ལྔ། དུང་དང་དར་ཚོན་མཐུན་ན། མི་འགྲུབ་བསམ་པ་མེད་ཀི ༣ ཚེས་གཅིག་བཅོ་ལྔའི་ཟླ་བ། ཤར་རྒྱུ་མེད་པས་ཡ་མཚར། ནམ་མཁའི་སྤྲིན་པའི་འོག་ན། ཟླ་འཛིན་ཡོད་པ་མ་ཤེས། ༡ཁྱེད་ནི་གསེར་གྱི་འཁོར་ལོ་། ང་ནི་རི་དྭགས་ཕོ་མོ་། ཉ་གསེར་གྱི་འཁོར་ལོ་མེད་ན། རི་དྭགས་འཁོར་ས་མེད་ཀི། ༢ཁྱེད་ནི་དུང་དཀར་གཡས་འཁྱིལ། ང་ནི་དར་ཚོན་སྣ་ལྔ། དུང་དང་དར་ཚོན་མཐུན་ན། མི་འགྲུབ་བསམ་པ་མེད་ཀི ༣ཚེས་གཅིག་བཅོ་ལྔའི་ཟླ་བ། ཤར་རྒྱུ་མེད་པས་ཡ་མཚར། ནམ་མཁའི་སྤྲིན་པའི་འོག་ན། ཟླ་འཛིན་ཡོད་པ་མ་ཤེས། ༤ཁང་པ་ཡར་ལ་བརྩིགས་དུས། ཀ་རྡོ་འཕེན་མཁན་ང་ཡིན། མགོ་ལ་ཁ་བཀྲ་འགོད་དུས། རི་མོ་འབྲི་མཁན་མང་ཀི།