Skip to main content Skip to search
27 Aug 2012
1 min 27 sec
Audio Overview
Creators: 
Unknown

ཁང་གླུ། བཅར་འདྲི་བྱེད་ཡུལ་གྱི་མི། འཇིགས་མེད། ལོ་ཚོད།༦༥ ཕོ། ཕ་ཡུལ།ཅོ་ནེ་རྫོང་ཨ་འཁོར། དུས་ཚོད།༢༠༡༡ལོའི་ཟླ་༧པའི་ཚེས་༢༡། བཅར་འདྲི་བྱེད་མཁན།སངས་རྒྱས་སྒྲོལ་མ། ༡ ཕྱོགས་བཞིའི་ཀ་རིལ་བཅོ་དྲུག་པོ། གནས་བརྟན་བཅུ་དྲུག་གི་ཁ་གྲངས་རེད། ༢ མཁའ་རྒྱུད་གདུང་མ་བརྒྱད་པོ་སྟེ། བཀྲ་ཤིས་རྟགས་བརྒྱད་ཁ་གྲངས་རེད། ༣ ཡར་རའི་ཡར་སྒྱེ་ལྔ་བོ་དེ། ཛམ་ལྷ་རིགས་ལྔའི་ལྷ་གྲངས་རེད། ༤ མར་རའི་མར་སྒྱེ་ལྔ་བོ་སྟེ། རྒྱལ་བ་རིགས་ལྔའི་ལྷ་གྲངས་རེད། ༥ བར་གྱི་ཀ་ཐུང་བཞི་བོ་སྟེ། རྒྱལ་ཆེན་རིགས་བཞིའི་ལྷ་གྲངས་རེད།