21 Dec 2016
48 sec
Audio Overview
Creators:
Gangsol Folk Culture Preservation Project
- དགོང་ཨ་སྔོན་ཡར་ར་ཡོས་ཤིག་རེད།།
- ས་དོག་མོ་མར་ར་འདི་ཤིག་རེད།།
- སྔར་གཅིག་ངོ་གཅིག་གིས་མི་ཤེས་ད།།
- སྦྲང་ཆར་ཟིལ་མས་ལམ་ཞིག་ཁྲིད།།
- ཁེའུ་དྲུག་ཉི་ལོས་མཐུན་ཞིག་བཏགས།།
- དུས་དེང་སང་གཅིག་དང་ཁྱད་མེད་ཀོ།
- སྟོད་རྒྱ་གར་ཡར་ར་ཡོས་ཤིག་རེད།།
- སྨད་རྒྱ་ནག་མར་ར་འདི་ཤིག་རེད།།
- སྔར་གཅིག་ངོ་གཅིག་གིས་མི་ཤེས་ད།།
- ཁྱུང་དཀར་མཛོ་ལིས་ལམ་ཞིག་ཁྲིད།།
- རྒྱ་ཇ་ལེབ་མོས་མཐུན་ཞིག་བཏགས།།
- དུས་དེང་སང་གཅིག་དང་ཁྱེད་མེད་ཀོ།
- སྐྱེ་ཤར་ལོ་ཡར་ར་ཡོས་ཤིག་རེད།།
- སྨན་བུ་མོ་མར་ར་འདི་ཤིག་རེད།།
- སྔར་གཅིག་ངོ་གཅིག་གིས་མི་ཤེས་ད།།
- ཁྲ་ཆུང་མིག་གིས་ལམ་ཞིག་ཁྲིད།།
- གངས་དཀར་སེམས་ཀྱིས་མཐུན་ཞིག་བཏགས།།
- དུང་དེང་སང་གཅིག་དང་ཁྱད་མེད་ཀོ།