30 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- དགུང་ཨ་སྔོན་ཕྱོགས་བཞི་སྒོ་བཞི་རེད།།
- དེ་ལྡེའུ་མིག་མེད་དེ་ཕྱེ་རབས་ཤོད།།
- རྫ་ཁྲ་ཡག་ཕྱོགས་བཞི་སྒོ་བཞི་རེད།།
- དེ་ལྡེའུ་མིག་མེད་དེ་ཕྱེ་རབས་ཤོད།།
- སྡེ་ཆེན་པོ་ཕྱོགས་བཞི་སྒོ་བཞི་རེད།།
- དེ་ལྡེའུ་མིག་མེད་དེ་ཕྱེ་རབས་ཤོད།།
- དགུང་ཨ་སྔོན་ཕྱོགས་བཞི་སྒོ་བཞི་རེད།།
- འབྲུག་ཕོ་ཁྱུང་ཐོན་ན་ལྡེའུ་མིག་རེད།།
- འབྲུག་མིན་ནས་སྒོ་བཞི་ཕྱེ་རབས་མེད།།
- དེ་ཕྱེ་རབས་ཡོད་ན་ཁྱིར་གིས་ཤོད།།
- རྫ་ཁྲ་ཡག་ཕྱོགས་བཞི་སྒོ་བཞི་རེད།།
- འབྲོང་བྲེ་ལོ་ཐོན་ན་ལྡེའུ་མིག་རེད།།
- འབྲོང་མིན་ནས་སྒོ་བཞི་ཕྱེ་རབས་མེད།།
- དེ་ཕྱེ་རབས་ཡོད་ན་ཁྱིར་གིས་ཤོད།།
- སྡེ་ཆེན་པོ་ཕྱོགས་བཞི་སྒོ་བཞི་རེད།།
- གོང་དཔོན་ལོ་ཐོན་ན་ལྡེའུ་མིག་རེད།།
- དཔོན་མིན་ནས་སྒོ་བཞི་ཕྱེ་རབས་མེད།།
- དེ་ཕྱེ་རབས་ཡོད་ན་ཁྱིར་གིས་ཤོད།