29 Dec 2016
31 sec
Audio Overview
Creators:
Gangsol Folk Culture Preservation Project
- དགུང་ཨ་སྔོན་དཀྱིས་འི་ཡོང་དུས།།
- ལྷོ་གཡུ་འབྲུག་འདྲ་ནིའི་བའི་རྟ་ཟིག་ཞོན།།
- ཤར་ཉི་ཟླ་འདྲ་ནིའི་སྒ་ཟིག་བསྟད།།
- སྙི་སྨིན་དྲུག་ཁྲ་མོའི་སྙེད་རྨེད་ཟིག་བརྒྱོག་སྒྲོག།
- འཇའ་ཐག་ཁྲ་མོའི་གློ་ཟིག་འཐེན།།
- སྐར་ཚོགས་ཁྲ་མོའི་སྲབ་ཟིག་བཞག།
- སྒའི་སྔ་རུ་སེར་བོ་གསེར་ལས་གྲུབ།།
- གསེར་པ་ཊའི་ཐོག་གི་སྔུན་ན་བལྟས།།
- དབུས་ལྷ་སའི་ཇོ་བོ་སྔུན་ན་ཡོད།།
- ཐག་རིང་ནི་གོ་ད་འགྱོ་རན་རེད།།
- སྒའི་ཕྱི་རུ་དཀར་བོ་དངུལ་ལས་གྲུབ།།
- དངུལ་པ་ཊའི་ཐོག་གི་ལྟག་ཁ་བལྟས།།
- ངའི་ཤུས་འི་ཤུལ་གྱི་མ་ལོ་ཤུས་ན་ལུས།།
- དྲིན་ཆེ་ནི་གོ་ད་འགྱོ་རན་རེད།།
- ངའི་ཡོབ་ཆེན་འོར་མོ་དུང་ལས་གྲུབ།།
- དུང་འོར་མོའི་ཐོག་གི་ཐད་ད་བལྟས།།
- ངའི་ཐད་གི་ཨ་མཐུན་ཐད་ན་ལུས།།
- འདང་ཆེ་ནི་གོ་ད་འགྱོ་རན་རེད།།