27 Dec 2016
32 sec
Audio Overview
Creators:
Gangsol Folk Culture Preservation Project
- དགུང་ཨ་སྔོན་དཀྱིས་ན་འདྲ་གསུམ་ཡོད།།
- འདྲ་དི་གསུམ་ཤོད་ད་གླུ་བ་བོ།།
- ནགས་དགའ་ལྡན་དཀྱིས་ན་འདྲ་གསུམ་ཡོད།།
- འདྲ་དི་གསུམ་ཤོད་ད་གླུ་བ་བོ།།
- འབྲི་ཐིའུ་མའི་དཀྱིས་ན་འདྲ་གསུམ་ཡོད།།
- འདྲ་དི་གསུམ་ཤོད་ད་གླུ་བ་བོ།།
- དགུང་ཨ་སྔོན་དཀྱིས་འུ་འདྲ་གསུམ་པོ།།
- གནམ་ཁུར་རང་གི་སྐུ་ལུས་སྔོན་པོ་རེད།།
- བབས་གི་ཁ་བ་དཀར་པོ་རེད།།
- ཤར་གི་ཉི་མ་སེར་པོ་རེད།།
- འདྲ་དི་གསུམ་བཤད་ན་དེའི་མོ་རེད།།
- ནགས་དགའ་ལྡན་དཀྱིས་འུ་འདྲ་གསུམ་པོ།།
- ནགས་ཁུར་གི་སྐུ་ལུས་སྔོན་པོ་རེད།།
- བཅད་གི་ཁྱ་མ་དཀར་པོ་རེད།།
- བུས་འུ་མེ་ལྕེ་དམར་པོ་རེད།།
- འདྲ་དི་གསུམ་བཤད་ན་དེའི་མོ་རེད།།
- འབྲི་ཐིའུ་མའི་དཀྱིས་འུ་འདྲ་གསུམ་པོ།།
- འབྲི་ཁུར་གི་སྐུ་ལུས་ནག་པོ་རེད།།
- བཞོས་འུ་འོ་མ་དཀར་པོ་རེད།།
- བཤིགས་གི་འབྲི་མར་སེར་བོ་རེད།།
- འདྲ་དི་གསུམ་བཤད་ན་དེའི་མོ་རེད།