27 Dec 2016
40 sec
Audio Overview
Creators:
Gangsol Folk Culture Preservation Project
- དགུང་ཨ་སྔོན་དཀྱིལ་འཁོར་སྟེང་ན།།
- འབྲུག་ལྷོ་འབྲུག་ཐེངས་གསུམ་གྱག་གི།།
- སྐད་གོང་མ་ཡིད་རེ་སྙན་གི།།
- སྐད་བར་མ་ཡུ་རེ་མུག་གི།།
- སྐད་འགབ་མ་ཚོར་རྒྱུ་མ་ཁི།།
- འབྲུག་ཉལ་ཁ་ཡིན་ནི་ལོས་ཡིན།།
- ཤིང་ཤིག་ལོའི་དཀྱིལ་འཁོར་སྟེང་ན།།
- བྱ་ཁུ་ལོ་ཐེངས་གསུམ་གྱག་གི།།
- སྐད་གོང་མ་ཡིད་རེ་སྙན་གི།།
- སྐད་བར་མ་ཡུ་རེ་མུག་གི།།
- སྐད་འགབ་མ་ཚོར་རྒྱུ་མ་ཁི།།
- བྱ་འགྱོ་ཁ་ཡིན་ནི་ལོས་ཡིན།།
- སྡེ་ཆེ་བོའི་དཀྱིལ་འཁོར་སྟེང་ན།།
- སྨ་ཞིས་མོ་ཐེངས་གསུམ་གྱག་གི།།
- སྐད་གོང་མ་ཡིད་རེ་སྙན་གི།།
- སྐད་བར་མ་ཡུ་རེ་མུག་གི།།
- སྐད་འགབ་མ་ཚོར་རྒྱུ་མ་ཁི།།
- རོགས་འགྱོ་ཁ་ཡིན་ནི་ལོས་ཡིན།།