04 Jan 2017
51 sec
Audio Overview
Creators:
Gangsol Folk Culture Preservation Project
- རིགས་རུས་ཆོ་འབྲང་།
- ཉེ་རབས་དགུ་ཡི་ཉེ་བ། ཁུས་ཁ་དགུ་ཡི་ལབ་ཙེ།
- ཕ་ཨ་ཁུ་ཡན་གྱི་དབང་ཆེན། རྡོ་གོར་མོ་ཡན་ན་ལྗིད་མ།
- ཕ་ཤུལ་བུས་འཛིན། མདའ་ཤུལ་སྒྲོས་འཛིན།
- མྱི་ཆུང་རུངདཔོན་གྱི་རྒྱུད་པ། ཆུ་ཆུང་རུང་རྨ་ཆུའི་རབ་ལག
- ཉེ་བ་ཤ་གཏོག་ཚད། ཕུ་ནུ་རུས་གཏོག་ཚད།
- ཕ་ཕུ་ནུའི་རྒྱབ་ན་ཕུ་ནུ། མགོ་རྭ་ཅོའི་རྒྱབ་ན་རྭ་ཅོ།
- ཕ་ཤུལ་གྱི་བུ། གཡག་ཤུལ་གྱི་ཀོ
- མི་རྒྱུད་ཅན་གྱི་བུ་མོ། རྟ་རྒྱུད་ཅན་གྱི་ཐོར་མོ།
- རི་རྒྱུད་དེད་དེ་དཔའ་མཁར་བརྩིགས། མྱི་རྒྱུད་དེད་དེ་ཉེ་བ་བཙལ།
- ཉེ་བའི་ཡང་སྙིང་། བྱང་བའི་དྲིལ་སྙིང་།
- ཉེ་རྙིང་གི་འོབས། ཉེ་གསར་གྱི་ཟམ།
- ཉེ་དང་ཁ་ཐག་རིང་ན་དགའ། ཟས་དང་ཁ་ཐག་ཐུང་ན་དགའ།
- ས་འོག་ཨ་ལོ་རྒྱུས་ལོ། རྩ་བ་ཕར་བླ་ཚུར་བླ།