21 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- ཆུང་ལོ་གཅིག་ལོ་གཉིས་ལོན་དུས།།
- དྲིན་མ་ལོའི་མནོལ་སྐྲ་མགོ་ན་ཡོད།།
- ལྷ་བླ་ལོས་སྲུང་འཁོར་རྒྱབ་ན་ཡོད།།
- ང་དེ་དུས་མ་ལོས་གཅེས་དུས་རེད།།
- ལོ་ཉི་ཤུ་སུམ་ཅུ་ལོན་དུས།།
- ཁྲ་རིང་རྭ་ཉིས་རྒྱབ་ན་ཡོད།།
- དཔའ་མདའ་ལི་མ་རྐེད་ན་ཡོད།།
- ང་དེ་དུས་དཔོན་ལོས་གཅེས་དུས་རེད།།
- ལོ་ལྔ་བཅུ་དྲུག་ཅུ་ལོན་དུས།།
- ངའི་དངུལ་དཀར་འཁོར་ལོ་གཡས་ན་ཡོད།།
- ཙན་ཏན་ཕྲེང་ཆུང་གཡོན་ན་ཡོད།།
- ང་དེ་དུས་བླ་ལོས་གཅེས་དུས་རེད།།