22 Dec 2016
26 sec
Audio Overview
Creators:
Gangsol Folk Culture Preservation Project
- ཆུ་ཕ་རི་རྡོ་འཕྲང་གོང་མ་ན།།
- རྟ་འདོ་ལོའི་མཚེར་སིས་ཀྱུ་ལི་ལི།།
- མཚེར་མི་དགོས་འདོ་ལོ་གཡང་ལྷ་བོ།།
- རྒྱབ་གསེར་སྒ་འདི་དང་སྔོན་ལས་རེད།།
- ཆུ་ཕ་རི་རྡོ་འཕྲང་བར་མ་ན།།
- མཛོ་ཁྱུང་ལོས་ངུར་ཆུང་ལྡིར་རི་རི།།
- ངུར་མི་དགོས་ཁྱུང་ལོ་གཡང་ལྷ་བོ།།
- རྒྱབ་དྲིས་ཆུང་འདི་དང་སྔོན་ལས་རེད།།
- ཆུ་ཕ་རི་རྡོ་འཕྲང་ཞོལ་མ་ན།།
- རོགས་ཆུང་འདྲིས་བསུ་འབོད་སྙན་ལྷིང་ལྷིང་།།
- སྡུག་མི་དགོས་མ་ལོ་དྲིན་ཆེན་བོ།།
- རོགས་ཆུང་འདྲིས་འདི་དང་སྔོན་ལས་རེད།།